ཀྲུང་གོ་བོད་ཀྱི་དྲ་བ།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ\"མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ\"ཞེས་པའི་མེ་ཏོག་གི་སི་ར་ཧ་ཅང་ཆེན་པོ་གཞི་རྩའི་ཆ་ནས་བཀོད་སྒྲིག་བྱས་ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1506390059935838.jpg

1506390059387232.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ"མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ"ཞེས་པའི་མེ་ཏོག་གི་སི་ར་ཧ་ཅང་ཆེན་པོ་གཞི་རྩའི་ཆ་ནས་བཀོད་སྒྲིག་བྱས་ཟིན་པ་དང་། ད་ལོའི་མེ་ཏོག་སི་ར་ཆེན་པོ་ནི་དགའ་སྟོན་རྟེན་འབྲེལ་ཞུ་བའི“མེ་ཏོག་དང་ཤིང་ཏོག་གི་སི་ར”ཡིས་མཛེས་ལྗོངས་གཙོ་བོ་བྱས་ཤིང་། སི་རའི་ནང་དུ་ཤིང་ཏོག་ཨ་མྲ་དང་སེ་འབྲུ། ཀུ་ཤུ་བཅས་དང་མེ་ཏོག་པདྨ་དང་མེ་ཏོག་ཡུའུ་ལན། རྒྱ་སེའི་མེ་ཏོག་སོགས་ཀྱི་འདྲ་བཟོས་མེ་ཏོག་དང་ཤིང་ཏོག་བཀོད་སྒྲིག་བྱས་ཡོད་ཅིང་། དེས་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་རང་རྒྱལ་གྱིས་ཁྱབ་ཁོངས་ཁག་ནས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་མཚོན་པ་རེད། མེ་ཏོག་སི་ར་ཆེན་པོའི་རྩེ་མོའི་མཐོ་ཚད་ལ་སྨི17དང་སི་རའི་མཐོ་ཚད་ལ་སྨི15.3ཡོད་པ་དང་།  མེ་ཏོག་གི་སི་རའི་ཞབས་སྟེགས་ནི་སྙིང་གི་དབྱིབས་ཀྱི་རི་མོ་བཀོད་ཡོད་པ་དང་། ཚངས་ཐིག་ལ་སྨི50ཡོད་པ་རེད། སི་རའི་ལྷོ་ངོས་སུ"མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ་དང1949-2017"ཞེས་པ་བཀོད་སྒྲིག་བྱས་ཡོད་པ་དང་། བྱང་ངོས་སུ"སྤྲོ་སེམས་འཁོལ་བའི་ངང་ཚོགས་ཆེན་བཅུ་དགུ་པ་བསུ"ཞེས་པའི་ཤིས་ཚིག་བཀོད་སྒྲིག་བྱས་ཡོད་པ་རེད། 2011ལོ་ནས་འགོ་བཙུགས་ཏེ"མེས་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཞུ"ཞེས་པའི་མེ་ཏོག་གི་སི་ར་ཧ་ཅང་ཆེན་པོ་ནི་ཐང་ཆེན་གྱི་ལྟེ་བའི་མེ་ཏོག་སི་ར་བྱས་ནས་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ་མེས་རྒྱལ་ལ་ལེགས་སྐྱེས་ཕུལ་བ་རེད། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།