ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་ཨུ་རུ་སིའི་མགྲོན་པོར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7b7cd7c25b52f3723933a9d12df8d964.jpg

ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་ཨུ་རུ་སའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་སྨིས་ལིར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཨུ་རུ་སའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚེ་སྨིས་ལིར་ཐུག་འཕྲད་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་རང་བྱུང་སོལ་རླངས་ཕྱོགས་ཀྱི་མཉམ་ལས་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་གཉིས་ཀྱིས་ཐུགས་ཁུར་ཆེན་པོ་བྱས་འོག ཀྲུང་གོ་དང་ཨུ་རུ་སི་བར་གྱི་ནུས་ཁུངས་མཉམ་ལས་ཕྱོགས་ཀྱི་ལས་གཞི་གལ་ཆེན་ཇེ་མང་དུ་སོང་བ་དང་། མཉམ་ལས་བྱེད་སྟངས་ཕུན་སུམ་ཚོགས་པར་བཏང་ཞིང་། མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་བླངས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སི་བར་གྱི་རང་བྱུང་སོལ་རླངས་སོགས་འཐབ་ཇུས་རང་བཞིན་གྱི་ལས་གཞི་ལག་བསྟར་བྱས་ནས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཕྱོགས་ཀྱི་མཉམ་ལས་ལ་གཙིགས་འཛིན་བྱེད་པ་དང་། ཚོང་རའི་ཆོས་ཉིད་དང་ཁེ་ལས་ཀྱི་ཀུན་སྤྱོད་བཟང་བོ། གཉིས་ཕན་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ནས།མཉམ་ལས་ཀྱི་བསམ་ཕྱོགས་སྔར་ལས་གསར་གཏོད་བྱེད་པ་དང་། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཨུ་རུ་སི་གཉིིས་ཀྱི་ནུས་ཁུངས་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

སྨིས་ལི་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཤར་ཕྱོགས་ཀྱི་རང་བྱུང་སོལ་རླངས་སོགས་འཐབ་ཇུས་རང་བཞིན་གྱི་ལས་གཞི་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ནུས་ཁུངས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ནང་དོན་གསར་བ་སྣོན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།