ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ལན་བཏང་ནས་ནན་ཁེ་སློབ་ཆེན་གྱི་དམག་ཁོངས་སུ་ཞུགས་པའི་སློབ་གྲྭ་ཆེན་མོ་བར་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ནན་ཁེ་སློབ་ཆེན་གྱི་གསར་དུ་དམག་ཁོངས་སུ་ཞུགས་པའི་སློབ་གྲྭ་ཆེན་མོ་བ་བརྒྱད་ལ་འཕྲིན་ལན་བཏང་ནས། ཁོ་ཚོའི་དམག་ཁོངས་ལ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་ལ་ཁས་ལེན་བྱས་པ་དང་། ཁོ་ཚོས་རྔུལ་ཁྲག་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་བཏོན་ནས། མཚར་སྡུག་ལྡན་ཞིང་ཕངས་སེམས་མེད་པའི་ལང་ཚོའི་གཏམ་རྒྱུད་ངོ་མཚར་ཅན་འབྲི་རྒྱུའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་འཕྲིན་ཡིག་ནང་བཤད་རྒྱུར། ཁྱེད་ཚོར་དམག་ཁོངས་སུ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་འདུན་པ་ཡོད་པ་དང་། གནས་སྐབས་སུ་སློབ་གྲྭར་ཁ་གྱེས་ནས་དམག་ཁོངས་སུ་ཞུགས་རྒྱུ་ཡིན་པ་ཤེས་རྗེས། ང་རང་ཧ་ཅང་དགའ་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གནའ་ནས་ད་བར་དུ། རང་རྒྱལ་དུ་སྨྱུ་གུ་བསྐྱུར་ནས་དམག་ཁོངས་སུ་ཞུགས་པའི་མི་མང་པོ་ཡོད་ལ། འཇར་འགོག་དམག་འཁྲུག་སྐབས་སུ། ནན་ཁེ་སློབ་ཆེན་གྱི་སློབ་མ་མང་པོ་རང་འགུལ་གྱིས་འཐབ་འཛིང་ཁྲོད་ཞུགས་ནས། རང་གི་རྔུལ་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་རྒྱལ་གཅེས་དང་བློས་གཏོང་ཕོད་པའི་སྙིང་སྟོབས་ཀྱི་གོ་དོན་འགྲེལ་བཤད་གསལ་བོ་བྱས། ད་ལྟ། ཁྱེད་ཚོས་མེས་རྒྱལ་གྱི་འབོད་སྐུལ་དང་དུ་བླངས་ནས་དམག་ཁོངས་སུ་ཞུགས་ཏེ། རྒྱལ་གཅེས་ཀྱི་སེམས་པ་དེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགུལ་སྐྱོད་དུ་བསྒྱུར་ནས། རྒྱ་ཆེའི་ཕུགས་འདུན་གྱི་གཏམས་པའི་ན་གཞོན་ཚོར་མིག་དཔེ་གསར་བ་བཞག་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོའི་དམག་ཁོངས་སུ་ཞུགས་པའི་གོ་སྐབས་གཅེས་སྤྲས་དང་དམ་འཛིན་བྱས་ནས། རྔུལ་ཁྲག་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་ལག་ལེན་ཐད་འབུལ་བ་དང་། དམག་དཔུང་དུ་རང་ཉིད་ཀྱི་འཇོན་ཐང་མངོན་པ་དང་། སྦྱོང་བརྡར་ནན་མོ་བྱས་ནས། མཚར་སྡུག་ལྡན་ཞིང་ཕངས་སེམས་མེད་པའི་ལང་ཚོའི་གཏམ་རྒྱུད་འབྲི་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།