ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཐུར་ཁེ་ལ་འཚམས་འདྲི་བྱས་ཏེ་ཨུ་རུ་སིས་བཟོས་པའི་འཕུར་མདའི་འགོག་སྲུང་མ་ལག་ཉོ་བསྡུའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་ནས་བཟུང་ཐུར་ཁེ་ལ་བྱ་བའི་འཚམས་འདྲི་བྱས་པ་དང་། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱི་ཐེངས་འདིའི་འཚམས་འདྲིའི་གཙོ་གནད་ནི་ཨེ་ཨར་ཏའོ་ཨན་དང་མཉམ་དུ་དབྱི་རག་དང་སི་རི་ཡཱའི་གནད་དོན་ལ་གྲོས་མོལ་བྱེད་དེ་ཡིན་པར་མ་ཟད། ཐུར་ཁེའི་ཕྱོགས་ཀྱིས་ཨུ་རུ་སིས་བཟོས་པའི་འཕུར་མདའི་འགོག་སྲུང་མ་ལག་ཉོ་བསྡུའི་བྱ་བར་ཡར་སྐུལ་གཏོང་རྒྱུ་རེད། ཨེ་ཨར་ཏའོ་ཨན་གྱིས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་ཕྱོགས་ཀྱིས་ཨུ་རུ་སིའི་བར་ཨུ་རུ་སིས་བཟོས་པའི་འཕུར་མདའི་འགོག་སྲུང་མ་ལག་ཉོ་བསྡུ་བྱེད་པའི་གྲོས་མཐུན་བཀོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།