ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་གྲུབ་འབྲས་བཟང་པོ་ལེན་པ་ནི་མི་དམངས་ཡོངས་ཀྱིས་བཅོས་སྒྱུར་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་པར་འགན་སྲུང་བྱེད་པ་དང་མཉམ་དུ་ཕྱུག་སྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཐེངས་འདིར་གཟེངས་བསྟོད་བྱེད་པའི་བྱ་དགའ་ཐོབ་མཁན་རྣམས་ཀྱིས་ལོ་རྒྱུན་ཏུ་དབུལ་ཐར་མཁྲེགས་གཏོར་བྱ་བའི་གཡུལ་ས་གཙོ་བོ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱས་ཤིང་། ཁོ་ཚོས་རང་རང་གི་ལས་གནས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་སྤྱིར་བཏང་མ་ཡིན་ལ་ཡིད་སེམས་འགུལ་བའི་གྲུབ་འབྲས་བསྐྲུན་པས། གཟེངས་བསྟོད་ཐོབ་པའི་བློ་མཐུན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན། དེང་སྐབས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་དམག་འཐབ་ལས་རྣམ་པར་རྒྱལ་བའི་དུས་སྐབས་སུ་སླེབས་ཡོད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བར་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་གཞི་རྩའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ་དང་དབུལ་ཕོངས་ས་ཁུལ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྔོན་ཐོན་དཔེ་ལེགས་ཅན་མིག་དཔེར་འཛིན་པ་དང་སྔར་ལས་དྲག་པའི་འགན་འཁྲིའི་བསམ་པ་དང་སྔར་ལས་བཟང་བོའི་བྱེད་ཐབས། སྔར་ལས་ཆེ་བའི་ནུས་ཤུགས་ལ་བརྟེན་ནས་དབུལ་ཐར་ལ་ཚོད་འཛིན་བྱེད་པའི་འབུར་ཐོན་དཀའ་ཁག་རྩ་བ་ནས་སེལ་དགོས་པ་དང་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་ཇེ་མཐོར་གཏོང་བ། དབུལ་ཕོངས་ས་ཁུལ་གྱི་རང་སྟེང་འཕེལ་རྒྱས་ནུས་པ་ཇེ་ཆེར་གཏོང་དགོས། གཞི་རིམ་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་བྱ་བ་དང་འཚོ་བར་རྒྱབ་སྐྱོར་དང་སེམས་ཁུར་བྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། དཀའ་སྤྱད་བརྩོན་ལེན་དང་འབད་བརྩོན་ལྷོད་མེད་བྱས་ནས་དབུལ་ཕོངས་མང་ཚོགས་དུས་ལྟར་དབུལ་ཐར་བྱེད་པ་འགན་སྲུང་བྱེད་དགོས་པར་མ་ཟད་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།