ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟླ་བཅུ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་ཐད་ཀྱི་འཐབ་ཇུས་བསམ་བློ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀུན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་བརྟན་བརླིང་ངང་སྤེལ་དགོས། སྔོན་ཐོན་དཔེ་ལེགས་དང་དཔེ་སྟོན་ཕྱོགས་སྟོན་ནུས་པ་འདོན་སྤེལ་བཟང་པོ་བྱེད་པ་དང་། དམ་བཅས་ནས་དབུལ་སྐྱོར་དང་དབུལ་ཐར་བྱེད་པའི་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། རང་ཁ་རང་གསོ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་མདུན་སྐྱོད་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་སྤེལ་བ་དང་། འཚོལ་ཞིབ་བྱེད་ཕོད་པའི་གསར་གཏོད་འདུ་ཤེས་འཛུགས་པ། དབུལ་སྐྱོར་ཕྱུག་བསྒྱུར་དང་ཕན་ཚུན་རོགས་རེས་བྱེད་པའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་བོ་དར་སྤེལ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་དགོས་ཟེར།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་པ་དང་། རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས། བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་ཏིན་དབྱིན་ཞང་དང་ལིས་ཁྲའོ་ཡང་། ཁྲིན་ཁེ་ཀྲི། ལིས་ཅུན། ལིག་ཅིན་ཞིག་བཅས་ཀྱིས་སྔོན་ཐོན་བྱས་རྗེས་ཐད་ཀྱི་སྙན་ཞུ་ཕུལ།

2017ལོའི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་དང2016ལོའི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའ་ཐོབ་མཁན་གྱི་འཐུབ་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། གནས་གཏན་ཁེལ་བྱས་པའི་ས་ཁུལ་གྱི་དབུལ་སྐྱོར་ལས་འགན་ཕྲག་ཏུ་བླངས་པའི་པེ་ཅིན་དུ་ཡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་བྱ་དགའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་འཐུས་མི། གསར་འགྱུར་སྨྱན་བྱད་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས།
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།