ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རི་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་པའི་ཚེས་དགུའི་ཉིན་ཨུ་རི་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མའོ་སི་ཁོ་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རི་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ལ་རྟེན་འབྲེལ་ཞུ་ཡིག་བསྐུར། ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ཁྲོད་བསྟན་དོན། ལོ་ངོ་དྲུག་ཅུའི་རིང་ལ་ཨུ་རི་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་ཀྲུང་གོའི་བར་གྱི་མཛའ་མཐུན་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འགྲོ་འོང་ཧུར་ཐག་གིས་དར་སྤེལ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་བར་མ་ཟད། ཀྲུང་གོ་དང་ཨུ་རི་སི་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨུ་རི་སིའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་འགྲེང་ཡོད། ཨུ་རི་སི་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་བཙུགས་ནས་ལོ་ངོ་དྲུག་ཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྲོ་འོངས་ཀྱི་རྣམ་པ་གསར་བ་གསར་གཏོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་དང་དམངས་འདུན་གཅིག་ཏུ་འདྲེས་པར་སྐུལ་འདེད་གཏོང་བ་དང་ཀྲུང་གོ་དང་ཨུ་རི་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།