ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བཅུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཕེལ་རིམ་གནས་ཚུལ་མཚམས་སྦྱོར་བྱས།

རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་ཉིན་ཅི་ཀྲིག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་འོས་འཚམ་གྱི་བར་སྟོང་དུ་སྲུང་འཛིན་བྱས་པ་དང་། ཕྱོགས་བསྡུས་རྒྱལ་ཤུགས་དང་རྒྱལ་སྤྱིའི་ཤན་ཤུགས་མངོན་གསལ་གྱིས་ཇེ་ཆེར་སོང་ཟེར།

ཉིས་སྟོང་བཅུ་གསུམ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར། རྒྱལ་ནང་ཐོན་སྐྱེད་སྤྱིའི་ཐོན་རིན་ཆ་སྙོམས་ལོ་རེར་བརྒྱ་ཆའི་བདུན་ལྷག་འཕར་བ་དང་། དུས་མཉམ་གྱི་འཛམ་གླིང་གི་བརྒྱ་ཆའི་གཉིས་ལྷག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པའི་བརྒྱ་ཆའི་བཞི་ཡི་ཆ་སྙོམས་ཆུ་ཚད་ལས་མཐོ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ལོ་རེར་ཆ་སྙོམས་བརྒྱ་ཆའི་གཉིས་འཕར་ནས། རིན་གོང་གི་གནས་བབ་བརྟན་འཇགས་བྱུང་། མཁར་གྲོང་ནས་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་བསྟུད་མར་ལོ་བཞི་ལ་བྱེ་བ་གཅིག་དང་ས་ཡ་གསུམ་ཡན་དུ་བསླེབས།

ཉིས་སྟོང་བཅུ་དྲུག་ལོར། རྒྱལ་ཡོངས་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ་སྒོར་ཁྲི་གཉིས་དང་སྟོང་གསུམ་བརྒྱད་བརྒྱ་ཉེར་གཅིག་ལ་བསླེབས་པ་དང་། ལོ་རེར་ཆ་སྙོམས་བརྒྱ་ཆའི་བདུན་ལྷག་འཕར། ཞིང་སྡེའི་དབུལ་ཕོངས་མི་གྲངས་ཉིས་སྟོང་བཅུ་གཉིས་ལོ་ནས་མི་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་དྲུག་ཁྲི་བཞི་ཡིས་ཇེ་ཉུང་དུ་སོང་།

ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་བའི་འཐབ་ཇུས་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། སྒུལ་ནུས་གསར་རྙིང་མྱུར་དུ་བརྗེ་སྤོར་བྱས་ལ། ཚད་རྡུལ་འཕྲིན་གཏོང་དང་མྱུར་བགྲོད་ལྕགས་ལམ། མི་སྡོད་མཁའ་སྐྱོད་སོགས་ཚབ་མཚོན་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚན་རྩལ་གྲུབ་འབྲས་སྐོར་ཞིག་བསྟུད་མར་བྱུང་། 
 

ད་ལོའི་ཟླ་དང་པོ་ནས་ཟླ་དགུ་པའི་བར། རྣོ་ལྕགས་ཀྱི་ཐོན་ནུས་ལྷག་མ་འདོར་བའི་སྔོན་དཔག་གི་དམིགས་འབེན་ཡོངས་འགྲུབ་བྱས་པ་དང་། རྡོ་སོལ་གྱི་ཐོན་ནུས་ལྷག་མ་འདོར་བའི་ལོ་ཧྲིལ་པོའི་དམིགས་འབེན་གྱི་བརྒྱ་ཆའི་གྱ་ལྔའི་ཡན་ཡོངས་འགྲུབ་བྱས། དེས་མི་ཚད་མཛོད་ཉར་འདོར་སྒྱུར་དང་འཇའ་ཤིང་འདོར་སྒྱུར། མ་རྩ་འཕྲི་འཐེན་བཅས་ཀྱི་ཕན་འབྲས་མངོན་གསལ་ཡིན་ལ། ཞན་ཆ་གསབ་པར་གྲུབ་འབྲས་འབུར་ཐོན་ཐོབ། 
 

ད་ལྟ་ཞབས་ཞུའི་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་གྱི་ཕྱེད་ཀ་ཟིན་ཡོད་པ་དང་། འཛད་སྤྱོད་ནི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་ཆེན་པོ་ཐེབས་པ་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་ཚད་བསྟུད་མར་རྒྱ་ཇེ་ཆེར་སོང་། མཁར་གྲོང་སྡོད་དམངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕལ་ཆེར་གྲུབ་ཡོད་ལ། སྡོད་དམངས་ཀྱིས་སློབ་གསོ་མྱོང་བའི་ཚད་གཞི་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།