ཀྲུང་གོ་བོད་ཀྱི་དྲ་བ།

​ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་ལ་སྣེ་ལེན་ཞབས་ཞུ་དངོས་སུ་བྱེད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ10ཚེས11ཉིན། པེ་ཅིང་གི་མའེ་ཏི་ཡ་མགྲོན་ཁང་དུ་བཀོད་སྒྲིག་བྱས་པའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་ལ་སྣེ་ལེན་ཞབས་ཞུ་དངོས་སུ་བྱེད་འགོ་ཚུགས་པ་དང་། ཚོགས་ཆེན་ཐེངས་བཅུ་དགུ་པར་བཅར་འདྲི་བྱེད་མཁན་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོར་བཅར་འདྲིའི་དཔང་ཡིག་འགྲེམས་སྤྲོད་དང་བཅར་འདྲི་རེ་ཞུ་བདག་སྤྲོད། ཚོགས་ཆེན་དུ་བཅར་འདྲིའི་བྱེད་སྒོར་ཞུགས་པ་བཀོད་སྒྲིག་བཅས་བྱེད་འགོ་ཚུགས་པ་རེད

གསར་འགྱུར་ལྟེ་གནས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོམས་ཆེན་དང་། མི་སྣ་རེ་རེར་བཅར་འདྲི་ཁང་། སྨྱན་སྦྱོར་མཉམ་འདྲེས་བཅར་འདྲི་ཁང་། རླུང་འཕྲིན་བརྙན་འཕྲིན་བརྡ་རྟགས་ཞབས་ཞུ་ཁང་། དྲ་རྒྱ་ཞབས་ཞུ་ཁང་། པར་རིས་ཞབས་ཞུ་ཁང་། སྨན་བཅོས་ཞབས་ཞུ་ཁང་སོགས་བྱེད་ལས་ཁུལ་བཀོད་སྒྲིག་བྱས་ཡོད་པ་རེད། གསར་འགྱུར་ལྟེ་གནས་ཀྱིས་གསར་འགོད་པ་ཚོར་ཞབས་ཞུ་གཙོ་བོ་ནི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། གསར་འགོད་པའི་ཚོགས་འདུ། མཉམ་སྡེབ་བཅར་འདྲི། མི་རེ་རེར་བཅར་འདྲི་། ཕྱིར་སྐྱོད་ལྟ་སྐོར་བཅར་འདྲི་བཅས་བཀོད་སྒྲིག་བྱ་རྒྱུ་དང་། གསར་འགྱུར་གྱི་དཔྱད་གཞིའི་ཡིག་རིགས་ཞབས་ཞུ་དང་དྲ་རྒྱའི་འཕྲིན་གཏོང་འགན་སྲུང་ཞབས་ཞུ་མཁོ་འདོན་བྱ་རྒྱུ། གསར་འགྱུར་ལྟེ་གནས་ཀྱི་དྲ་ཚིགས་དང་འཕྲིན་ཕྲན་སྤྱི་སྟེགས་ཤར་གཏོང་བྱ་རྒྱུ་བཅས་འདུས་ཡོད་པ་རེད། གཞན་ཡང་། གསར་འགྱུར་ལྟེ་གནས་སུ་རིན་པ་མི་དགོས་པའི་ཇ་དང་ཁ་ཟས་བཏུང་ཆུ་འདོན་སྤྲོད་བྱེད་སའི་གསར་འགོད་པའི་ངལ་གསོ་བྱེད་ས་དང་ནུབ་ཕྱོགས་ལུགས་སྲོལ་གྱི་མགྱོགས་ཟས་ཞབས་ཞུ་བྱེད་པའི་མགྱོགས་ཟས་ཁང་བཀོད་སྒྲིག་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།