ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དུ་རང་བྱུང་དགྲ་ཡའི་སྲོག་ཆགས་ཀྱིས་ཞིང་སྨན་གྱི་ཚབ་བྱས་ནས་གནོད་འབུའི་གནོད་འཚེ་འགོག་བཅོས་བྱས་པར་ཕན་འབྲས་རགས་ཙམ་ཐོན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་དམངས་དྲ་བའི་འཕྲིན། ལོ་ཤས་རིང་རང་རྒྱལ་གྱིས་རང་བྱུང་དགྲ་ཡའི་སྲོག་ཆགས་ལ་བརྟེན་ནས་གནོད་འབུའི་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་སྨན་སྤྱོད་ཚད་ཉུང་དུ་བཏང་ཡོད། སྦྲང་ནོར་བུས་རྫས་འགྱུར་སྨན་རྫས་ཀྱི་ཚབ་བྱས་ནས་བུར་ཤིང་མྱུག་གཟན་འབུའི་གནོད་འཚེ་འགོག་བཅོས་བྱས་པས། ཀོང་ཤིས་སུ་ལོ་བདུན་རིང་དཔལ་འབྱོར་ཕན་འབྲས་བསྡོམས་འབོར་སྒོར་དུང་ཕྱུར4.4ཡན་ཟིན་ནས་རྫས་འགྱུར་ཞིང་སྨན་སྤྱོད་ཚད་ཏུན་30ཡན་ཉུང་དུ་ཕྱིན་ཡོད།

      མིག་སྔར་ཀོང་ཤིས་ནན་ཉིང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཁབ་ཀྱི་རང་བྱུང་དགྲ་ཡའི་འབུ་སྲིན་ཚན་རྩལ་གསར་གཏོད་ཀྱི་མནའ་འབྲེལ་མཐོ་རིམ་གླེང་སྟེགས་ཐོག་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཀོའུ་ཤུས་ཆོན་གྱིས་ཀོང་ཤིས་ཀྱི་བུར་ཤིང་ལོ་འཁོར་མོའི་འདེབས་ཁྱོན་མུའུ་ཁྲི་1500ཡས་མས་ཟིན་པ་དེས་ཐོན་ཚད་དང་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་60%ཡན་བཟུང་གི་ཡོད། 2011ལོ་ནས་2017ལོའི་བར་ཀོང་ཤིས་ཀྱིས་རིམ་རྩིས་བྱས་ན་མུའུ་ཁྲི་30ཙམ་གྱི་བུར་ཤིང་འདེབས་ཁུལ་དུ་སྦྲང་ནོར་བུ་གློད་ནས་མྱུག་གཟན་འབུའི་གནོད་འཚེའི་སྔོན་འགོག་བྱས་ཤིང་། ཚོད་རྩིས་ལྟར་ན། རྒྱུན་ལྡན་གྱི་འགོག་བཅོས་ཁུལ་དང་བསྡུར་ན་བུར་ཤིང་གི་མུའུ་རེའི་ཐོན་ཚད་29%མང་དུ་སོང་བ་དང་མུའ་རེ་ནས་མངར་ཆ་རྒྱ་མ་78.7འཕར་གྱི་ཡོད།
       རྒྱལ་ཁབ་རང་བྱུང་དགྲ་ཡའི་འབུ་སྲིན་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི་ལས་འཛིན་ཀྲང་ཀྲེང་ལི་ཡིས་མིག་སྔར་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་ལ་གནོད་འབུའི་གནོད་འཚེ་འགོག་ཟོན་བྱ་རྒྱུ་དེ་གཙོ་བོ་རྫས་འགྱུར་ཞིང་སྨན་ལ་བརྟེན་པ་དང་ལྗང་མདོག་སྔོན་འགོག་ཚོད་འཛིན་ལག་རྩལ་ཁྱབ་ཚད་1/4ཡང་ཟིན་གྱི་མེད། རྫས་འགྱུར་ཞིང་སྨན་སྤྱོད་ཚད་ཉུང་དུ་ཕྱིན་མེད་པས་ཞིང་ལས་ཐོན་རྫས་ཀྱི་སྤུད་ཚད་བདེ་འཇགས་དང་ཞིང་ལས་ཀྱི་སྣོད་བཅུད་བདེ་འཇགས་ལ་ཤུགས་རྐྱེན་བཟོས་ཡོད། 2015ལོར་རང་རྒྱལ་གྱིས“2020ལོར་སླེབས་སྐབས་ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བའི་བྱ་སྤྱོད”ལག་ལེན་བསྟར་ཏེ་རང་བྱུང་དགྲ་ཡའི་འབུ་སྲིན་སྤྱད་ནས་གནོད་འབུའི་གནོད་འཚེ་འགོག་བཅོས་ལས་ཞིང་སྨན་སྤྱོད་ཚད་ཉུང་དུ་ནུས་ལྡན་ཕྱིན་ཡོད། མིག་སྔར་རང་རྒྱལ་དུ་རང་བྱུང་དགྲ་ཡའི་འབུ་སྲིན་རིགས་20ལྷག་ཙམ་ཐོན་ལས་ཅན་དུ་སྤྱོད་རྒྱུ་མངོན་འགྱུར་བྱུང་ཡོད་མོད། འོན་ཀྱང་སྤྱོད་ཚད་རྒྱ་ཁྱོན་1%ཀྱང་ཟིན་གྱི་མེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།