ཀྲུང་གོ་བོད་ཀྱི་དྲ་བ།

​རང་རྒྱལ་གྱིས\"གཞུང་གཉིས་འཕྲེད་གཅིག\"གི་བདེ་འཇགས་སྐྱེལ་འདྲེན་ལམ་བུ་གཏོད་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་དམངས་དྲ་བའི་འཕྲིན། ཚེས25ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གློག་དྲ་ཀུང་སི་བཅས་ཀྱིས་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། སླད་ཕྱིན་ལོ་གཉིས་ནང་པེ་ཅིང་ནས་ཧང་ཀྲོའུ་བར་གྱི་མི་བཟོས་གཙང་པོའི་སྤྱི་པའི་ཞབས་ཞུ་ཁུལ་ལ་བདེ་འཇགས་ལྡན་པའི་གྲུ་ཁའི་གློག་ཡོངས་སུ་ཁེབས་པ་བྱས་ནས་ཤར་གྱི་མཚོ་རྒྱུད་དང་འབྲི་ཆུའི་ལམ་རྒྱུད་ལ་ཁྱོན་ཡོངས་ནས་གྲུ་ཁའི་གློག་གཏོང་ལས་གྲྭ་བསྐྲུན་ཏེ“གཞུང་གཉིས་འཕྲེད་གཅིག”གི་བདེ་འཇགས་ལྡན་པའི་སྐྱེལ་འདྲེན་ལམ་བུ་གཏོད་རྒྱུ་རེད།

      སྐྱེལ་འདྲེན་ནུས་པ་ཆེ་ལ་མ་གནས་ཆུང་བའི་ཆུ་ཐོག་སྐྱེལ་འདྲེན་དང་གྲུ་ཁས་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་འགྲོ་བར་དགེ་མཚན་ཆེན་པོ་ཐོན་མོད། འོན་ཀྱང་གྲུའི་སྦགས་བཙོག་དང་འཛེར་སྒྲར་སྣང་ཆུང་གཏན་ནས་བྱེད་མི་རུང་། རྒྱལ་སྤྱིའི་མཚོ་ཐོག་ལས་དོན་རྩ་འཛུགས་ཀྱིས་ཞིབ་འཇུག་བྱས་པ་ལས། གོ་ལ་ཧྲིལ་པོར་ཧ་ལམ་ཏན་དབྱང་འགྱུར་རྫས15%དང་མུ་དབྱང་འགྱུར་རྫས8%གྲུ་གཟིངས་ནས་འབུད་ཀྱི་ཡོད་པ་གསལ་ཡོད།
      གྲུ་ཁར་བཞག་པའི་གྲུ་གཟིངས་ལ་གྲུ་ཁའི་གློག་གཏོང་བ་དེས་གོང་གསལ་གྱི་དཀའ་ངལ་དག་ལས་སླ་པོར་སེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཀྲེ་ཅང་ཞིང་ཆེན་ལ་པེ་ཅིང་ནས་ཧང་ཀྲོའུ་བར་གྱི་མི་བཟོས་གཙང་པོའི་སྤྱི་པའི་ཆུ་ཐོག་ཞབས་ཞུ་ཁུལ་ལ་གྲུ་ཁའི་གློག་ཡོངས་སུ་ཁེབས་ཐུབ་པ་བྱུང་ནས་ཧང་ཀྲོའུ་དང་། ཅ་ཤིན། ཧུའུ་ཀྲོའུ་བཅས་ཀྱི་སྤྱི་པའི་ཆུ་ཐོག་ཞབས་ཞུ་ཁུལ་དུ་ཤོང་ཚད་དམའ་བའི་གློག་ཆུང་གྲུ་ཁའི་གློག་གཏོང་སྒྲིག་ཆས་130ལྷག་བསྒར་བས་ལོ་ཧྲིལ་པོར་སྣུམ་ཟད་གྲོན་ཏུན1250དང་། དབྱང་གཉིས་ཐན་འགྱུར་འབུད་ཚད་ཏུན3950 ཏན་དབྱང་འགྱུར་རྫས་ཏུན2བཅས་ཉུང་དུ་སོང་སྟེ་བཙོག་འབུད་ཉུང་གཏོང་གི་ཕན་པ་མངོན་གསལ་དོད་པོ་ཐོན་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀུང་སིས་མ་ལག་ཆ་ཚང་ཞིང་གློག་ཤུགས་མཐོ་འབྲིང་གི་གྲུ་ཁའི་གློག་གཏོང་སྒྲིག་ཆས་དང་ཐོན་ཟོག་མ་ལག་ཞིབ་འཇུག་བྱས་ནས་བཟོས་པ་དང་སྦྲགས་གྲུ་ཁའི་གློག་གཏོང་ཁེ་ལས་ཀྱི་ལག་རྩལ་གྱི་ཚད་གཞི་14བཟོས་ནས་ཁྱབ་བསྒྲགས་བྱས་པ་མ་ཟད། པེ་ཅིང་ནས་ཧང་ཀྲོའུ་བར་གྱི་མི་བཟོས་གཙང་པོ་དང་། ཤར་ལྷོའི་མཚོ་རྒྱུད། འབྲི་ཆུའི་ནང་ཁོངས་ཆུ་བོ་བཅས་ཀྱི“གཞུང་གཉིས་འཕྲེད་གཅིག”ཁོངས་ལ་སྔ་གཞུག་ཏུ་གྲུ་ཁའི་གློག་གཏོང་སྒྲིག་ཆས་600ལྷག་བསྒར་བ་དང་ཞིང་ཆེན་རིམ་པའི་གྲུ་ཁའི་གློག་གཏོང་ཞབས་ཞུའི་ལས་སྟེགས་ཞིབ་འཇུག་སྒོས་བསྐྲུན་པར་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད།
     འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་གློག་དྲ་ཀུང་སི་བཅས་ཕྱོགས་གསུམ་པོས་རང་རང་གི་ལེགས་ཆ་བཏོན་ནས་གྲུ་ཁའི་གློག་གཏོང་འཆར་གཞི་འགོད་པ་དང་། སྲིད་ཇུས་ཀྱི་རོགས་རམ། དཔེ་སྟོན་འཛུགས་སྐྲུན། ཁྲོམ་རའི་འཁོར་སྐྱོད། ཚད་གཞི་ཚད་ལྡན། འཕེལ་རྒྱས་གསར་གཏོད་སོགས་ཐད་མཉམ་ལས་དང་སྤེལ་རེས་ཡུན་རིང་བྱ་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།