ཀྲུང་གོ་བོད་ཀྱི་དྲ་བ།

​རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་གནམ་གྲུར་རང་རྒྱལ་གྱིས་བཟོས་པའི་ཕྱོགས་སྟོན་མ་ལག་ཐེངས་དང་པོ་སྤྱད་དེ་བདེ་བླག་ངང་ཚོད་འཕུར་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        མི་དམངས་དྲ་བའི་འཕྲིན། ཟླ10ཚེས10ཉིན་ནས་ཟླ10ཚེས14ཉིན་བར་ཧྲན་ཏུང་ཏུང་དབྱིང་གནམ་ཐང་དུ་རང་རྒྱལ་གྱིས་གསར་སྤེལ་བྱས་པའི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་རང་རྒྱལ་གྱིས་བཟོས་པའི་མཁའ་འགྲུལ་གནམ་གྲུ་ARJ21-700རྟགས་ཅན་ཨང་103ལ་བསྒར་ནས་ཐེངས་དང་པོ་ཚོད་འཕུར་བྱས་པ་ལམ་ལྷོངས་བྱུང་བ་རེད། སྤྱིར་བཏང་མིན་པའི་ཚོད་འཕུར་དེ་ལས་རྒྱལ་ཇུས་དམངས་འཚོའི་ཆེད་དོན་རྣམ་གྲངས་གལ་ཆེན་གཉིས་ཟུང་འབྲེལ་དམ་ཟབ་ཐུབ་ནས་རང་རྒྱལ་གྱིས་བཟོས་པའི་སྲུང་སྐར་ཕྱོགས་སྟོན་མ་ལག་དེ་རང་རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་མཁའ་འགྲུལ་ལ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
       ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོད་ལྟ་དེARJ21-700ལས་སྟེགས་ལ་བརྟེན་ནས་འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་གྱི་ཚད་གཞི་དང་དེ་བཞིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞིའི་བླང་བྱ་གཞིར་བཟུང་། གནམ་གྲུའི་ཐོག་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་བསྒར་བ་ཡོངས་སུ་ལེགས་གྲུབ་བྱུང་བ་དང་། ད་ཐེངས་ཀྱི་ཚོད་ལྟའི་འབྲས་བུ་ལས་རང་རྒྱལ་གྱིས་བཟོས་པའི་འབྲེལ་ཡོད་མ་ལག་གི་བྱེད་ནུས་རྒྱལ་ཕྱིའི་རིགས་གཅིག་མཚུངས་མ་ལག་གི་ཆུ་ཚད་དུ་སླེབས་པ་དང་དེའི་ནང་གི་མགྱོགས་མྱུར་གྱི་གནས་གཏན་འཁེལ་གྱི་དམིགས་ཚད་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད།
      ད་ཐེངས་ཚོད་འཕུར་བྱས་ཏེ“རང་རྒྱལ་གྱིས་བཟོས་པ”བཞི་ཐེངས་དང་པོ་ཟུང་འབྲེལ་ཐུབ་པ་སྟེ། རང་རྒྱལ་གྱིས་བཟོས་པའི་སྲུང་སྐར་ཕྱོགས་སྟོན་མ་ལག་དང་། རང་རྒྱལ་གྱིས་བཟོས་པའི་སྲུང་སྐར་ཕྱོགས་སྟོན་གྱི་ས་ངོས་རྟེན་གཞིའི་ནུས་པ་ཆེར་གཏོང་མ་ལག རང་རྒྱལ་གྱིས་བཟོས་པའི་གནམ་གྲུའི་ཕྱོགས་སྟོན་མ་ལག་བཅས་རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་གནམ་གྲུར་སྤྱོད་ཐུབ་པ་བྱུང་ནས་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་གི་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་ཚད་ལྡན་ཅན་དང་། བེད་སྤྱོད་ཁྱབ་གདལ། ཚོད་ལྟ་བདེན་དཔང་བཅས་ལ་ཚོད་ལྟ་བྱེད་པའི་གྲངས་གཞི་འབོར་ཆེན་ཐོབ་ཡོད། ད་ཐེངས་བྱང་སྐར་སྤུན་བདུན་སྲུང་སྐར་མ་ལག་དེ་དམངས་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་སུ་ཚོད་ལྟ་བཀོལ་སྤྱོད་ཐེངས་དང་པོ་ཐུབ་པ་དང་རང་རྒྱལ་གྱིས་བཟོས་པའི་དམངས་སྤྱོད་མཁའ་འགྲུལ་ལ་རང་རྒྱལ་གྱིས་བཟོས་པའི་ཕྱོགས་སྟོན་མ་ལག་ཐེངས་དང་པོ་སྤྱོད་ཐུབ་པ་ལས་ཆེད་དོན་རྣམ་གྲངས་ཆེན་པོ་གཉིས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།