ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གསར་འགྱུར་མགྲིན་ཚབ་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གསར་འགྱུར་མགྲིན་ཚབ་པ་ཐོ་ཁྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཚོགས་ཆེན་ཐེངས་བཅུ་དགུ་བའི་གྲོས་རིམ་དང་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ཐོ་ཁྲིན་གྱིས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་དུས་སྐབས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་ཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ཟེར།

ཐོ་ཁྲིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་འཆར་ཟིན་འགོད་པའི་བྱ་བ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་གྲ་སྒྲིག་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་འཆར་ཟིན་འགོད་པའི་བྱ་བར་མཐོང་ཆེན་བྱས་ཏེ། སྙན་ཞུའི་འཆར་ཟིན་འགོད་པའི་ཚན་ཁག་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་གཙོའི་འགན་ཁུར། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་འགའ་རྒྱས་བཤད་བྱས། སྙན་ཞུའི་འཆར་ཟིན་འགོད་པའི་བྱ་བ་དེ་ནམ་ཡང་དམངས་གཙོའི་དགོངས་དོན་དང་དམ་དུ་སྦྲེལ་ཞིང་ཏང་ཕྱི་ནང་གི་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་སྒོས་ཉན་པ་དང་བསམ་འཆར་བསྡུ་ལེན་བྱས་པའི་མི་གྲངས་བསྡོམས་པས་སྟོང་བཞི་དང་བདུན་བརྒྱ་ལྷག་ལ་སླེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ཏེ་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་ལ་བསྡུས་ཏེ་ཐད་ཀར་དུ་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་ལ་ཉན་ཟེར།

ཐོ་ཁྲིན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པར་ད་དུང་ལས་འགན་གལ་ཆེན་ཞིག་ཡོད་པ་ནི་ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་བྱེད་རྒྱུ་དེ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་གཏན་ལ་ཕབ་པའི་རིགས་གཞུང་ལྟ་བ་གལ་ཆེན་དང་འཐབ་ཇུས་བསམ་བློ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་དུ་བཀོད་དེ་ཏང་གི་སྒྲིག་ཡིག་ལས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་བ་གང་ལེགས་སྒོས་མཚོན་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་ཕྱོགས་གསར་བ། འཐབ་ཇུས་གསར་བ་གང་ལེགས་སྒོས་མཚོན་པར་བྱེད་པ། ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཉམས་མྱོང་གསར་བ་གང་ལེགས་སྒོས་མཚོན་པར་བྱས་ཏེ། གནས་བབ་གསར་བ་དང་ལས་འགན་གསར་བར་མཐུན་པར་བྱས་ནས་ཏང་གི་ལས་དོན་དང་ཏང་གི་འཛུགས་སྐྲུན་ཐད་ལ་རེ་བ་གསར་བ་འདོན་རྒྱུ་རེད་ཟེར།

ཐོ་ཁྲིན་གྱིས་བཤད་རྒྱུར། ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པ་ལྟར། ཐེངས་འདིའི་འཐུས་མིའི་ཚོགས་ཆེན་སྟེང་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གདམ་རྒྱུ་རེད། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་རྗེས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། སྐབས་གསར་བའི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ལས་ཁུངས་གདམ་རྒྱུ་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་མཇུག་རྫོགས་རྗེས་སྐབས་གསར་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།

ཐོ་ཁྲིན་གྱིས་ད་དུང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།