ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཡུང་ཧྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡུན་ནན་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121823224_15083413153401n.jpg

ཟླ10པའི་ཚེས18ཉིན། བློ་མཐུན་ལིའུ་ཡུང་ཧྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡུན་ནན་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར་བློ་མཐུན་ལིའུ་ཡུང་ཧྲན་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཡུན་ནན་ཞིང་ཆེན་གྱི་འཐུས་མིའི་གྲོས་བསྡུར་ལ་ཞུགས་སྐབས་བཤད་རྒྱུར། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་དུས་རབས་གསར་བ་དང་འགན་འཁྲི་གསར་བ། རྒྱང་སྐྱོད་གསར་བ་བཅས་ཁོང་དུ་ཆུད་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

ཡུན་ནན་འཐུས་མི་ཚོགས་པའི་འཐུས་མི་ཚོས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་སྤྲོ་སེམས་འཁོལ་བའི་ངང་ནས་གྲོས་བསྡུར་བྱས་པ་དང་། བློ་མཐུན་ཁྲིན་ཧའོ་དང་རོན་ཁྲིན་ཧྥ། ཀའོ་ཏི་རུང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ལིའུ་ཡུང་ཧྲན་གྱིས་འཐུས་མི་ཚོའི་གཏམ་བཤད་ལ་ཉན་རྗེས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕེན་གྱི་སྙན་ཞུ་དེ་ལོ་རྒྱུས་དང་དུས་རབས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་འཐབ་ཇུས་གསར་བ་བཏོན་ཡོད་ཅིང་། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གནད་དོན་རྒྱུན་འཁྱོངས་དང་འཕེལ་རྒྱས་བྱེད་པར་ལན་གསལ་བོ་བཏབ་ཡོད། དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་ཁ་ཕྱོགས་གསལ་སྟོན། ཐབས་ཇུས་ཁ་གསལ། འཆར་གཞི་འགོད་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པ་དང་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལེན་པའི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་རེད་ཅེས་ཟེར།

ལིའུ་ཡུང་ཧྲན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། དེར་ང་ཚོའི་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། གྲུབ་འབྲས་འདི་དག་ཐོབ་པའི་གཞི་རྩ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་བཅས་ལྡན་པས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྔར་ལས་ལྷག་པར་མཚོན་ཡོད།

ལིའུ་ཡུང་ཧྲན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཡོད་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་གོང་འཕེལ་གྱི་ལོ་རྒྱུས་གནས་བབ་ལ་དམིགས་པའི་ཕྱོགས་བསྡུས་ཉིང་བཅུད་ཡིན་པར་བསྟན་ཡོད།  དུས་རབས་གསར་བར་ཤེས་རྟོགས་དང་རྒྱུས་ལོན་བྱེད་པ་ལ་འགོ་རྩོམ་ས་གསར་བ་དང་ལས་འགན་གསར་བ། འཐབ་ལམ་གསར་བ་ངོས་འཛིན་བྱ་རྒྱུ་གཙོ་བོར་འཛིན་དགོས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་སླེབས་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བའི་སྟེང་ལངས་ཡོད་ལ། རླབས་ཆེའི་འཐབ་རྩོད་བྱེད་པ་དང་རླབས་ཆེའི་བཟོ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེའི་ལས་དོན་ལ་སྐུལ་འདེད་བྱེད་པ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ་ལ་ངོས་འཛིན་ཟབ་མོ་བྱས་ནས་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ལས་འགན་འབུར་དུ་བཏོད་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བའི་དམིགས་ཚད་ལས་འགན་ལ་ངོས་འཛིན་ཟབ་མོ་ལེན་པ། དུས་རབས་གསར་བར་ཏང་ལ་ལས་འགན་གསར་བ་དགོས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གཙོར་བཟུང་སྟེ་ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཤེས་རྟོགས་ཟབ་མོ་བྱེད་དགོས་ཟེར།

ལིའུ་ཡུང་ཧྲན་གྱིས་བཤད་རྒྱུར། དུས་རབས་གསར་བས་གཞུང་ལུགས་གསར་བ་བསྐྲུན་པ་དང་། གཞུང་ལུགས་གསར་བས་ལག་ལེན་གསར་བར་སྣེ་ཁྲིད་ཡོད། ཞི་ཅིན་ཕེན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མར་ཁེ་སི་རིང་ལུགས་ཀྱི་གནས་བབ་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གནས་བབ་གསར་བ། ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གསར་བ་དང་ཏང་དོ་དམ་དང་བཅོས་སྐྱོང་བྱེད་པའི་གནས་བབ་གསར་བ་གཏོད་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དེ་ཏང་གིས་ངེས་པར་དུ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ཡོད་པ་དང་། ཏང་གི་མཛུབ་ཁྲིད་བསམ་བློ་སླར་ཡང་དུས་བསྟུན་མཉམ་སྐྱོད་བྱེད་པ་མངོན་འགྱུར་བྱུང་ཡོད་པས་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་འདུ་ཤེས་བཞི་ཇེ་མཐོར་བཏང་སྟེ་དགོངས་དོན་འདིའི་དུས་རབས་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་གི་མ་ལག   དགོངས་དོན་ངོ་བོ། ལག་ལེན་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། དགོངས་པ་དེའི་ཐོག་མཐའ་བར་གསུམ་དུ་ཁྱབ་པའི་འགྱུར་མེད་ཀྱི་དད་མོས་དང་མི་དམངས་ཀྱི་ལངས་ཕྱོགས་གསལ་བོ། ལོ་རྒྱུས་ཀྱི་འགན་ཁུར་ཆེ་བ། བདེན་འཚོལ་དངོས་གཉེར་གྱི་ཀུན་སྤྱོད། གསར་སྐྲུན་བྱེད་ཕོད་པའི་སྙིང་སྟོབས་དང་ཚན་རིག་གི་བྱེད་ཐབས་སྨྲ་བར་ངོས་འཛིན་བྱས་ཏེ། ཏང་གི་གསར་སྐྲུན་རིག་གཞུང་བེད་སྤྱོད་སྔར་བས་ཡག་པོ་བྱས་ནས་བསམ་བློར་དྲག་ཆས་སྤྲད་པ་དང་དོན་དངོས་ལ་མཛུབ་ཁྲིད།ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།