ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2017-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10པའི་ཚེས18ཉིན། ཡུས་ཀྲིན་ཧྲིན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར། བློ་མཐུན་ཡུས་ཀྲིན་ཧྲིན་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་བགྲོད་ལམ་ཐོག་བསྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་འཕེལ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་། དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པར་བློ་གྲོས་དང་སྟོབས་ཤུགས་ཅི་ཐུབ་ཀྱིས་གཅིག་སྡུད་བྱེད་དགོས་ཞེས་བསྟན་པ་རེད།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཕུལ་བའི་སྙན་ཞུ་ལས་འདས་ཟིན་པའི་ལོ་ལྔའི་ནང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གཏིང་ཟབ་མོ་བརྗོད་ཡོད། དེང་རབས་ཀྱི་ཀྲུང་གོའི་དངོས་ཡོད་དང་མཐུན་པའི་གལ་ཆེའི་འཐབ་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པས། དེ་ནི་ང་ཚོའི་ཏང་དུས་རབས་གསར་པར་བསྐྱོད་པ་དང་། རྒྱང་སྐྱོད་གསར་པའི་སྒོ་མོ་འབྱེད་པ། ལེའུ་གསར་པ་སྐྲུན་པ་བཅས་ཀྱི་ཆབ་སྲིད་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་ཡིན། ང་ཚོས་ངེས་པར་དུ་གཟབ་ནན་སྒོས་སློབ་སྦྱོང་བྱས་ཏེ་ལག་བསྟར་མཐའ་འཁྱོངས་བྱེད་དགོས།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། འདས་པའི་ལོ་ལྔའི་ནང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས། ལོ་རྒྱུས་ཀྱི་འགན་སེམས་ཆེན་པོ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། རླབས་ཆེན་གྱི་ལག་ལེན་འདིའི་ནང་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅི་འདྲ་ཞིག་འཕེལ་རྒྱས་དང་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གནད་དོན་འདི་ཇི་ལྟར་འཕེལ་རྒྱས་དང་རྒྱུན་འཁྱོངས་བྱེད་པ་བཅས་ལ་དམ་པོར་དམིགས་ནས། གཞུང་ལུགས་འཚོལ་ཞིབ་བྱས་ཏེ་བློ་མཐུན་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་གནང་ཡོད། གལ་ཆེའི་དགོངས་པ་དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གི་གལ་ཆེའི་གྲུབ་ཆ་དང་ང་ཚོའི་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཡིན་པས། ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བའི་ནང་འཐབ་རྩོད་རླབས་ཆེན་བྱེད་པ་དང་།ལས་གཞི་རླབས་ཆེན་འཛུགས་སྐྲུན། ལས་རིགས་རླབས་ཆེན་སྐུལ་སྤེལ། ཕུགས་འདུན་རླབས་ཆེན་མངོན་འགྱུར་བཅས་ལ་དངོས་དོན་རང་བཞིན་དང་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན།

ཡུས་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ནི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱས་པ་ཆེས་རྒྱ་ཁྱབ་དང་ཆེས་བདེན་པ། ཆེས་སྤྱོད་གོ་ཆོད་པའི་དམངས་གཙོ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་བྱེད་པའི་དམངས་གཙོའི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཏེ། གྲོས་མོལ་བྱེད་པ་དང་དམངས་གཙོ་རྒྱ་ཁྱབ། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་གྲོས་མོལ་བྱེད་པའི་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་དམངས་ལ་ཉིན་རྒྱུན་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཟབ་ཞུགས་བྱེད་པའི་དབང་ཆ་ཡོད་པར་འགན་ལེན་བྱེད་པ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་བརྗོད་གཞི་དམ་པོར་བཟུང་ནས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་གཅེས་གཅིག་གྱུར་གྱི་འཐབ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེའི་ཐབས་མཆོག་བྱེད་ནུས་འདོན་སྤེལ་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་མི་རིགས་སོ་སོའི་མཉམ་འབྲེལ་དང་བརྗེ་རེས་ལ་སྐུལ་འདེད་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་མཛེས་སྡུག་འབྱུང་འགྱུར་གྱི་སྒོ་མོ་ཐུན་མོང་སྒོས་གསར་འབྱེད་བྱེད་དགོས།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག    ཏང་ཀྲུང་དབྱང་གིས་ཞིན་ཅང་ལས་དོན་སྐོར་གྱི་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། སྤྱི་ཚོགས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ནི་ཞིན་ཅང་བྱ་བའི་སྤྱིའི་དམིགས་འབེན་ཡིན་པ་གཏན་འཁེལ་གནང་བ། དྲག་སྤྱོད་འཇིགས་སྐུལ་བྱ་འགུལ་དང་ཆོས་ལུགས་ཐལ་སྐྱོད་རིང་ལུགས་ལ་རྒྱུན་མཐུད་ངང་དྲག་རྡུང་བྱེད་པའི་རྣམ་པ་མཐའ་འཁྱོངས་བྱེད་པ་དང་། ཞིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་ཕྱིན་པ་དང་། སྐད་གཉིས་སློབ་གསོ་དང་ལས་རིགས་སློབ་གསོ་དམ་འཛིན་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་དཔུང་སྡེ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་བཅས་ཀྱི་ཐད་ཞིན་ཅང་གི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གིས་ཞིན་ཅང་ལས་དོན་གྱི་སྐོར་ལ་བཏོན་པའི་སྲིད་དོན་གྱི་གལ་ཆེའི་བྱེད་ཕྱོགས་བཅས་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཞིན་ཅང་གི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་དགོས།   

བློ་མཐུན་ཨེ་ལིས་ཀིན་དབྱི་མེན་པ་ཧེ་ཞིན་ཅང་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།