ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།     སྤེལ་དུས། : 2017-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121823218_15083410760451n (1).jpg

ཟླ10པའི་ཚེས18ཉིན། བློ་མཐུན་ཀྲང་ཏི་ཅང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་སོག་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཀྲང་ཏི་ཅང་ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་སོག་འཐུས་མི་ཚོགས་པའི་འཐུས་མི་རྣམས་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར་གྲོས་བསྡུར་གནང་བ་དང་། ཀྲང་ཏི་ཅང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ཐོག་སྙན་ཞུ་གནང་བར་ཡིད་མཐུན་བྱུང་བ་ཡིན་ཞེས་གསུངས།

ཀྲང་ཏི་ཅང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཕུལ་བ་དེའི་བརྗོད་དོན་གསལ་ཞིང་བསམ་བློ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་བརྗིད་ཉམས་ལྡན་པ། མིའི་སེམས་ལ་སྐུལ་མ་ཐེབས་ཐུབ་པ་ཞིག་ཡིན་པས། སྙན་ཞུ་ཧྲིལ་བོར་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བ་དང་། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་རབས་ལ་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་གྲུབ་འབྲས་དང་། ལག་ལེན་གྲུབ་འབྲས། གསར་སྐྲུན་གྲུབ་འབྲས་བཅས་མངོན་པར་མཚོན་ཞིང་། སྙན་ཞུ་ཧྲིལ་བོར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་རྒྱལ་ཁ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་ཡིད་ཆེས་བརྟན་པོ་ཡོང་བའི་སྐུལ་མ་བཏང་ཡོད་ཟེར།

 ཀྲང་ཏི་ཅང་གིས་ལོ་ལྔའི་རིང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་ཇུས་འགོད་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཅིང་། གསར་སྐྲུན་རབ་དང་རིམ་པ་གཏོད་ཡོད་ལ། སྒྲུབ་མི་ཐུབ་པའི་བྱ་བ་རབ་དང་རིམ་པ་མངོན་འགྱུར་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་རྣམ་པ་གསར་བར་ཆགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཡོད། འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་གྲུབ་འབྲས་འདི་ལྟ་བུ་ཐོབ་པའི་རྒྱུ་རྐྱེན་གལ་ཆེ་ཤོས་དང་འགག་རྩ་ནི་རང་རེའི་ཏང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པ་དང་། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་ལྡན་པའི་རྐྱེན་ཡིན་ཟེར།

       ཀྲང་ཏི་ཅང་གིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ལྷག་པར་དུ་ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་ནན་ཏན་བྱེད་པ་དང་། “འདུ་ཤེས་བཞི”འཛུགས་པ།  “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་གོ་གནས་དང་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་ཆེན་པོ་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་པོ་འཛུགས་པ་དང་། བློ་དཀར་དང་སྤྱོད་གཙང་དང་འགན་འཁུར་ཕོད་པ་བཅས་བྱས་ཏེ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་ཆེན་ལེན་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།