ཀྲུའུ་ཞི་ཞི་ཅིན་ཕེན་གྱི་ང་ཚོའི་སེམས་གཏིང་ལ་འབབ་པའི་གསུང་ཚིག་བཅུ་དགུ་མ་སྟེ།
གཅིག ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་ཕྱིར་ཡིན།
གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་པ་རེད།
གསུམ། ཀྲུང་ཧྭ་མི་རིགས་ཡར་འགྲེང་བ་ནས་ཕྱུག་འགྱུར་དང་དེ་ནས་སྟོབས་ཆེན་དུ་བསྒྱུར་བའི་རླབས་ཆེན་གྱི་འཕོ་འགྱུར་ཆེན་པོར་སླེབས་ཡོད་པ།
བཞི། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་བཞིན་འཕར་སྣོན་བྱུང་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་པའི་བར་གྱི་འགལ་ཟླའོ།
ལྔ། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་དེ། རྔ་རྡུང་རོལ་དཀྲོལ་ཁོ་ནས་མངོན་གྱུར་བྱེད་ཐུབ་པ་གཏན་ནས་མིན།
དྲུག མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་དེ་འབད་བརྩོན་གྱི་དམིགས་འབེན་དུ་བཞག་སྟེ། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ལས་དོན་རླབས་ཆེན་གསར་གཏོད་བྱ་དགོས།
བདུན། གནས་བབ་ལེགས་པོར་བསྟེན་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བགྲོད་ལམ་གསར་འབྱེད་བྱས་ཏེ། རེབ་ཐེངས་གཉིས་པའི་ལོ་བརྒྱའི་དམིགས་འབེན་ལ་དཔུང་སྐྱོད་བྱེད་དགོས།
བརྒྱད། ཀྲུང་ཧྭ་མི་རིགས་དེ་བས་དཔའ་ཉམས་ཆེ་བའི་རྣམ་པས་འཛམ་གླིང་གི་མི་རིགས་ཁྲོད་འགྱིང་ངེར་ལངས་སྲིད།
དགུ ཀྲུང་གོའི་ཕྱིར་འབྱེད་པའི་སྒོ་དེ་མི་གཏན་པའི་ཁར། སྔར་ལས་ལྷག་ཏུ་ཡངས་པོར་འབྱེད་ངེས།
བཅུ།.དོན་དག་ཡོད་ཚེ་གྲོས་མོལ་བྱས་ན་བཟང་། མང་ཚོགས་ཀྱི་དོན་དག་མང་ཚོགས་ནས་གྲོས་མོལ་བྱ་རྒྱུ་ནི་མི་དམངས་དམངས་གཙོའི་བདེན་དོན་རེད།
བཅུ་གཅིག མི་དམངས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གནས་སུ་འཇོག་དགོས།
བཅུ་གཉིས། མི་དམངས་སུ་ཡིན་ཡང་སྡོད་སའི་ཁང་པ་ཞིག་ཡོད་དུ་འཇུག་དགོས།
བཅུ་གསུམ། དགུང་ཨ་སྔོན་ནམ་ཡང་དྲི་མ་མེད་པར་སྲུང་དགོས།
བཅུ་བཞི། ང་ཚོའི་དམག་དཔུང་ནི་མི་དམངས་གྱི་དམག་དཔུང་ཡིན་ལ། ང་ཚོའི་རྒྱལ་སྲུང་ནི་དམངས་ཡོངས་ལ་བསྟེན་པའི་རྒྱལ་སྲུང་ཡིན།
བཅོ་ལྔ། ང་ཚོ་ལ་སྙིང་སྟོབས་འགྱུར་མེད དང་ཡིད་ཆེས་བརྟན་པོ།མཐུ་ནུས་འདང་ངེ་བ་ཡོད་པས་རྣམ་པ་གང་རུང་གི “ ཐའེ་ཝན་རང་བཙན” གྱི་ཁ་བྲལ་སྟོང་བསམ་དེ་གཏོར་ཐུབ།
བཅུ་དྲུག མི་དམངས་མང་ཚོགས་ཀྱིས་ཅི་ལ་ངོ་རྒོལ་བྱེད་པ་དང་། གང་ལ་འཁོན་འཛིན་བྱེད་པ་དེ་ང་ཚོས་མཐའ་གཅིག་ཏུ་སྔོན་འགོག་དང་ཡོ་བསྲང་བྱེད་དགོས།
བཅུ་བདུན། རུལ་སུངས་མཁན་གང་དུ་བྲོས་བྱོལ་བྱས་ཀྱང་། ཕྱིར་འཛིན་བཟུང་བྱས་ནས་རྒྱལ་ཁྲིམས་ལ་སྦྱོར་ཐག་ཆོད་ཡིན།
བཅོ་བརྒྱད། ཏང་དང་མི་དམངས་ཀྱི་བསམ་ཕྱོགས་དང་སྒྲུབ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཉམ་དུ་གནས་ཡོད།
བཅུ་དགུ། ཀྲུང་གོའི་ཕུགས་འདུན་ནི་ང་ཚོའི་མི་རབས་འདིར་དབང་ལ། ཕྱི་རབས་གཞོན་ནུ་ཚོར་དེ་བས་ཀྱང་དབང་།