ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཝང་ཆི་ཧྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཧུའུ་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2017-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4.jpg

ཟླ10པའི་ཚེས19ཉིན། བློ་མཐུན་ཝང་ཆི་ཧྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཧུའུ་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཝང་ཆི་ཧྲན་ཚེས19ཉིན་ཁོང་ཡོད་སའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཧུའུ་ནན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ལ་ཞུགས་སྐབས་བསྟན་དོན། བློ་མཐུན་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཕུལ་བའི་སྙན་ཞུས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་གསར་པར་སྐྱོད་པར་ཆབ་སྲིད་ཀྱི་ཐག་གཅོད་བྱས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱལ་ཁ་ལེན་པའི་རླབས་ཆེའི་འཆར་གཞི་ཇུས་འགོད་བྱས་ནས། བགྲོད་ལམ་ཀྱི་ཡིད་ཆེས་དང་གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་མངོན་པར་མཚོན་པ་ནི་ཏང་གིས་མི་དམངས་ལ་ཁས་བླངས་པའི་རྔམ་བརྗིད་ཀྱི་དམ་བཅའ་ཡིན་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཡིན་པས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་སྒྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཆེས་ཆེར་གཏོང་ངེས་ཡིན། འཐུས་མི་ཞིག་ཡིན་པའི་ཆ་ནས་ང་རང་སྙན་ཞུ་འདིར་ཡིད་མཐུན་དང་གོང་བཀུར་ཡོད་པ་ཡིན་ཟེར།

ཝང་ཆི་ཧྲན་གྱིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་མུ་མཐུད་དུ་རྒྱལ་ཁ་ནས་རྒྱལ་ཁ་ལེན་པའི་རྩ་བ་ནི་ཐོག་མཐའ་བར་གསུམ་དུ་མ་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ཕན་ཚུན་འདྲེས་པར་བྱས་པ་དང་། ཀྲུང་གོའི་དངོས་ཡོད་གནས་ཚུལ་དངོས་དང་ཕན་ཚུན་ཟུང་འབྲེལ་བྱས་པས་ཡིན། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མ་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་ཆེས་གསར་བའི་གྲུབ་འབྲས་ཡིན་ལ། དེས་ཀྲུང་གོའི་མ་འོངས་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཁྱབ་བསྒྲགས་བྱས་ཡོད། རླབས་ཆེའི་འཐབ་རྩོད་སྤེལ་བ་དང་རླབས་ཆེའི་བཟོ་འགོད་འཛུགས་སྐྲུན། རླབས་ཆེའི་ལས་དོན་ལ་སྐུལ་འདེད། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་དུས་བསྟུན་ལྷན་སྐྱོད་ཀྱི་གཞུང་ལུགས་གཤིས་སྤྱོད་དར་སྤེལ་དུ་གཏོང་བ་དང་། གཞུང་ལུགས་གསར་པས་ཏང་ཡོངས་ལ་དྲག་ཆས་སྤྲད་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་བསམ་བློ་དང་བྱ་བའི་དོན་དངོས་ལ་འབྲེལ་བ་དམ་ཟབ་བྱས་ནས་ཆབ་སྲིད་དང་ཁྱོན་ཡོངས་ཀྱི་ཐད་ནས་ལྟེ་བར་མིག་དཔེ་བལྟ་དགོས་པ་དང་། སློབ་སྦྱོང་དང་བསམ་གཞིག   ལག་ལེན། ཤེས་རྟོགས་བཅས་ཀྱི་ཁྲོད་མཐའ་འཁྱོངས་བྱེད་པ་དང་། ཉམས་སད་དང་སྦྱོང་བརྡར་ཁྲོད་རྟོགས་སད་ཇེ་མཐོར་བཏང་སྟེ། བློ་ལ་བྱང་ཆུབ་པ་དང་བྱ་སྤྱོད་དུ་བསྟར་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ནས།ཏང་གིས་མི་དམངས་ལ་ཁས་བླངས་པའི་དམ་བཅའ་མངོན་འགྱུར་བྱེད་དགོས། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།