ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

41729eedfef44b0de29b133404369f5e.jpg

ཟླ10བའི་ཚེས31ཉིན། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པས་ཚེས31ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྲོས་ཚོགས་སུ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་བཅུ་བཞིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ནས་ཚོགས་ཆེན་སྟེང་གཏམ་བཤད།

ཚང་མས་གཏམ་བཤད་སྐབས་རང་ཉིད་ཀྱི་བྱ་བ་དངོས་དང་སྦྲེལ་ཏེ་གྲོས་གཞི་བཏོན། ཨུ་ཡོན་ཧྲི་ཀྲི་ཧུང་གིས་བཤད་རྒྱུར། དུས་རབས་གསར་པའི་རླབས་ཆེན་མདུན་སྐྱོད་གསར་པའི་ཁྲོད་ཧུར་ཐག་སྒོས་ཞུགས་ཏེ། དུས་རབས་གསར་པར་རྣམ་པ་གསར་པ་སྐྲུན་པ་དང་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱེད་དགོས་ཟེར། རྒྱུན་ལས་ཨུ་ཡོན་ཀྲིན་ཅན་པང་གིས་ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་འབྲེལ་ཡོད་བཀོད་སྒྲིག་ལྟར། ནུབ་བྱང་ས་ཁུལ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཞུའུ་ཧོས་ཀྱིས་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཚབ་བྱས་ཏེ་སློབ་གསོ་འཐབ་ཇུས་གཏན་གནས་གཏན་འཁེལ་གསལ་བོ་བྱེད་པ་དང་། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ནས། སློབ་གསོ་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། སློབ་གསོ་དེང་རབས་ཅན་དུ་སྒྱུར་བར་མྱུར་དུ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ཙེ་ཏ་ཧྥུན་གྱིས་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཚབ་བྱས་ཏེ་གཏམ་བཤད་སྐབས་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཞེས་བསྟན། རྒྱུན་ལས་ཨུ་ཡོན་ཧྲིའོ་ཧུང་གིས་ཅིག་སན་སློབ་ཚོགས་ཀྲུང་དབྱང་གི་ཚབ་བྱས་ཏེ་ཆོས་ཉིད་ལ་སྔར་ལས་བརྩི་འཇོག་བྱེད་པ་དང་། བཅོས་སྒྱུར་ཟབ་སྤེལ་བྱེད་པ། གསོན་ཤུགས་ཇེ་ཆེར་བཏང་སྟེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན། རྒྱུན་ལས་ཨུ་ཡོན་ལིན་དབྱི་ཧྥུའུ་ཡིས་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་ཚབ་བྱས་ཏེ་གཏམ་བཤད་སྐབས་རང་རྒྱལ་གྱི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། དབུལ་སྐྱོར་མཁྲེགས་གཏོར་བྱ་བ་ངེས་པར་དུ་བཟང་པོར་སྒྲུབ་དགོས་ཞེས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའུ་ཀྲན་ཀུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།