ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཐེན་ཅིན་དང་ཧྲང་ཧེ། ཅང་ཞི། ཀོང་ཏུང་བཅས་ལ་སོང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་འདི་འགར་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཐེན་ཅིན་དང་ཧྲང་ཧེ། ཅང་ཞི། ཀོང་ཏུང་བཅས་ལ་སོང་སྟེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་ནང་དོན་རྒྱས་བཤད་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་དགོངས་དོན་གྱི་ནང་དོན་ཤེས་སུ་བཅུག་པ་དང་གོ་བ་ཟབ་མོ་ལེན་དུ་བཅུག་ལ། དངོས་འབེབས་བྱེད་དུ་བཅུག

ཚེས་ལྔ་ཉིན་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞུའུ་ཧྲའོ་ཧྲི་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་ཇི་ལྟར་གོ་བ་ཟབ་མོ་ལེན་པ་དང་དངོས་འབེབས་བྱེད་པར་དམིགས་ནས་ཐེན་ཅིན་གྲོང་ཁྱེར་ནས་སྒྲོག་འགྲེལ་བྱས།

ཉིན་དེའི་ཕྱི་དྲོར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། བཟོ་ལས་དང་ཆ་འཕྲིན་ཅན་གྱི་པུའུ་ཀྲང་མེའོ་ཝེ་ཡིས་ཧྲང་ཧེ་གྲོང་ཁྱེར་གྱི་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཉིས་སྟོང་ལྷག་ལ་སྒྲོག་འགྲེལ་བྱས།

ཚེས་བཞི་ཉིན་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ་སྡོད་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཁག་གི་ཚན་གཙོ་ཅང་ཅིན་ཆོན་གྱིས་ཀོང་ཀྲིག་གྲོང་ཁྱེར་དུ་སྙན་ཞུ་སྒྲོག་འགྲེལ་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།