ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་དབང་འཛུལ་རྫུན་བཟོ་ལ་ཆམ་ཕབ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a9fa4ea844fce17872224a28c962d9cd.jpg

ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དབང་འཛུལ་རྫུན་བཟོ་ལ་ཆམ་ཕབ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་ཚེས་དྲུག་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་རྒྱལ་ཡོངས་དབང་འཛུལ་རྫུན་བཟོ་ལ་ཆམ་ཕབ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་བསྡུས། ཝང་དབྱང་གིས་གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། དབང་འཛུལ་རྫུན་བཟོ་ལ་ཆམ་ཕབ་གཏོང་བ་ནི་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་པའི་འཚོ་བ་བཟང་བོའི་དགོས་མཁོ་སྐོང་བའི་དགོས་ངེས་ཀྱི་རེ་བ་ཡིན་ལ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱབ་རྟེན་གལ་ཆེན་ཡང་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། ཁྲིམས་ལྟར་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས། ཀུན་གྱིས་སྟོབས་ཤུགས་འབུལ་བ་བཅས་རྒྱུན་འཁྱོངས་བྱས་ནས། དབང་འཛུལ་རྫུན་བཟོ་ལ་ཆམ་ཕབ་གཏོང་བའི་བྱ་བ་བཟང་བོར་བསྒྲུབས་ཏེ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ད་ལོའི་ཚུན་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། དབང་འཛུལ་རྫུན་བཟོའི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་དྲག་པོ་བཏང་བ་དང་། ཁྱབ་ཁོངས་གཙོ་བོའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབས་ཏེ་གྲུབ་འབྲས་གསར་བ་བླངས་པར་མ་ཟད། ཚོང་རའི་ཁོར་ཡུག་ཇེ་གཙང་དུ་གཏོང་བ་དང་། རྒྱ་ཆེའི་ཁེ་ལས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དངོས་ལ་སྲུང་སྐྱོབ་བྱས་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།