ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བདུན་ཉིན་དུས་བཅད་ལྟར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་འདས་པའི་ལོ་གཅིག་རིང་གི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་པར་གདེང་འཇོག་གང་ལེགས་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕན་འབྲས་ལྡན་པའི་ངང་འཇར་མན་ལ་འཚམས་འདྲི་མཛད་པར་མ་ཟད་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧན་པོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུང་གོ་དང་འཇར་མན་གཉིས་ཀྱི་ཙུང་ལིའི་བར་གྱི་ལོ་རེའི་ཐུག་འཕྲད་ལ་གྲུབ་འབྲས་བླངས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། སྐོར་གསར་པའི་ཀྲུང་གོ་དང་འཇར་མན་གཉིས་ཀྱི་སྲིད་གཞུང་གྲོས་མོལ་བྱ་འགུལ་བཟང་བོར་སྤེལ་བ་དང་། དངོས་གཉེར་ཇུས་འགོད་བྱ་བར་གཙིགས་འཛིན་བྱས་ནས། ཀྲུང་གོ་དང་འཇར་མན་བར་གྱི་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྲུང་གོར་ཡོང་སྟེ་མ་དངུལ་གཏོང་བ་དང་། ལག་རྩལ་དང་ཤེས་བྱའི་མཉམ་ལས་སྤེལ་བར་དགའ་བསུ་ཞུ་བཞིན་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ལྟ་ཚུལ་གཅིག་འདྲ་འཛིན་པ་དང་འདྲ་མཉམ་གྱི་འགྲན་རྩོད་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱས་ནས། ཁོ་ཚོས་ཚོང་ར་ལྟར་བྱེད་སྒོ་རྒྱ་སྐྱེད་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་སྤེལ་བར་ཕན་ཡོད་ཆ་རྐྱེན་སྐྲུན་འདོད་ཡོད་ཟེར།

མའོ་ཁི་ཨར་གྱིས་བཤད་རྒྱུར། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱས་ནས། འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། སྐོར་གསར་པའི་འཇར་མན་དང་ཀྲུང་གོ་གཉིས་ཀྱི་སྲིད་གཞུང་གྲོས་མོལ་གྱི་གྲ་སྒྲིག་བྱ་བ་སྔ་མོ་ནས་སྒྲུབ་པ་དང་། དཔལ་འབྱོར་ཉོ་ཚོང་གཏིང་ཟབ་ཏུ་སྤེལ་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།