ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་བའི་དངུལ་རྩའི་ཞབས་ཕྱིའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས7ཉིན། རྒྱལ་ཡོངས་ཀྱི་ཁེ་ལས་ཆུང་བའི་དངུལ་རྩའི་ཞབས་ཕྱིའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། དངུལ་རྩར་རྒྱབ་སྐྱོར་བྱེད་པ་ནི་ཁེ་ལས་ཆུང་བའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ཁེ་ལས་ཆུང་བ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། དངུལ་རྩའི་ཁོངས་གཏོགས་དང་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་མཉམ་འབྲེལ་དང་མཉམ་ཤུགས་སྒོས་ལག་བསྟར་བྱས་ཏེ། ཁེ་ལས་ཆུང་བའི་དངུལ་རྩའི་ཞབས་ཕྱི་སྔར་ལས་ལེགས་བཅོས་བྱས་པ་དང་རྒྱབ་སྐྱོར་ཤུགས་ཚད་རྒྱུན་མཐུད་སྒོས་ཇེ་ཆེར་བཏང་ཞིང་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་ཆོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་གཏན་ལ་ཕབ་པའི་ལས་འགན་མངོན་འགྱུར་བྱེད་པར་གཅིག་བསྡུས་བྱེད་དགོས་ལ། རྒྱལ་ཡོངས་དངུལ་རྩའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱེད་པ་དང་དངུལ་རྩའི་ཞབས་ཕྱིའི་དངོས་ཕུང་དཔལ་འབྱོར་ནུས་པ་ཇེ་ཆེར་བཏང་ནས། ཁེ་ལས་ཆུང་བའི་དངུལ་རྩའི་ཞབས་ཕྱི་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་འཇོག་དགོས། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་རིམ་པ་མང་པོའི་ཚོང་རའི་མ་ལག་དང་ལྷག་པར་དུ་ཀུན་ཕན་དངུལ་རྩའི་མ་ལག་ཆ་ཚང་དུ་གཏོང་བ་དང་། བརྟན་འཇགས་དང་འཁོར་རྒྱུག་བཟང་བོའི་དངུལ་ཁང་དང་ཁེ་ལས་བར་གྱི་འབྲེལ་བ་མྱུར་དུ་འཛུགས་དགོས་ལ། ཚོང་རས་ཁེ་ལས་ཆུང་བའི་དངུལ་རྩའི་ཐོན་ཁུངས་སྒྲིག་སྦྱོར་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དགོས། རྐྱེན་སྲོལ་དང་རྣམ་པ་གསར་སྐྲུན་བྱེད་པ་དང་སྲིད་ཇུས་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ཁེ་ལས་ཆུང་བའི་དངུལ་བསྡུ་དཀའ་བའི་གནད་དོན་ཞི་འཇགས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་པ་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དང་སྒུལ་ནུས་གསར་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མ་ཁེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།