ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0f1baee981e297b5199057b6118494b4.jpg

ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་དང་གྲོས་མོལ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཚོང་དོན་པུའུ་ཀྲང་ལའོ་སི་དང་གྲོས་མོལ་མཛད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་སྐོར་གྱི་གྲོས་དོན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་མཛད། གྲོས་མོལ་མཛད་རྗེས། ཝང་དབྱང་དང་ལའོ་སི་གཉིས་ཙུང་ཐུང་ཐི་ལིང་ཕུའུ་ཀྲུང་གོར་འཚམས་འདྲི་ཡོང་བའི་ཚོང་ལས་གྲུབ་འབྲས་ཁ་ཤས་འགོད་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།