ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་པེ་ཅིན་དུ་ཕེབས་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020171108606755831823.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱི་གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་ཐི་ལང་ཕུའུ་སྤྱི་ཚེས8ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་ཕེབས་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད།

W020171108606755882485.jpg

དེ་ནི་ཐི་ལང་ཕུའུ་ཡིས་ད་ལོ་ཨ་རིའི་ཙུང་ཐུང་གི་འགན་གནས་བཞེས་རྗེས་ཀྲུང་གོར་འཚམས་འདྲི་གནང་ཐེངས་དང་པོ་ཡིན་ལ། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་རྗེས་ཀྲུང་གོའི་ཕྱོགས་ནས་རྒྱལ་དོན་འཚམས་འདྲི་གནང་བར་སྣེ་ལེན་ཞུ་ཐེངས་དང་པོ་ཡང་ཡིན་པ་རེད། ཁ་ཚང་བའི་རྒྱལ་དོན་འཚམས་འདྲི་ཕུད་ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཁྱབ་ཁོངས་ཆུང་ཤིང་། དངོས་གཞི་མིན་པའི་སྤེལ་རེས་གནང་རྒྱུ་ཡིན་པ་རེད།  །  

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།