ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d32f84d9f68f560886fc6d3c9a312eb3.jpg

ཟླ11པའི་ཚེས11ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བ་ཡོ་ནན་ཞན་ཀང་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་མཉམ་རྒྱལ་ཐད་ལ་མཉམ་དུ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས11ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བ་ཡོ་ནན་ཞན་ཀང་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཁ་ཡིག་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་མཉམ་རྒྱལ་ཐད་ལ་མཉམ་དུ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་སྟེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་སོ་སོས་རྒྱུན་འཁྱོངས་ལྷོད་མེད་སྒོས་གསར་སྐྲུན་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་དགོས་ལ། ཧུར་ཐག་སྒོས་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལག་བསྟར་བྱས་ཏེ་མུ་མཐུད་དུ་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་སྐོར་ཐེངས་གསར་བའི་དར་རྒྱས་གོང་འཕེལ་ལ་སྣེ་ཁྲིད་བྱེད་དགོས་ཞེས་ནན་གྱིས་གསུངས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཞེ་ལྔའི་སྟེང་གྲོས་ཚོགས་དངོས་སུ་མགོ་བརྩམས་པ་དང་ཡོ་ནན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཁྲིན་ཏ་ཀོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་གསུམ་སྔོན་གྱི་དེ་རིང་ང་ཚོས་པེ་ཅིན་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཇུས་གཞི་ལ་མཉམ་གྲོས་བྱས། ལོ་གསུམ་གྱི་རིང་ལ། འཛམ་གླིང་དཔལ་འབྱོར་རིམ་བཞིན་བསྐྱར་དར་བྱུང་བ་དང་ཕྱོགས་སོ་སོའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད། ང་ཚོས་འཛམ་གླིང་དཔལ་འབྱོར་ཐད་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་གསལ་བོར་མཐོང་དགོས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཕྱོགས་སོ་སོས་གནས་བབ་དང་བསྟུན་ནས་འགུལ་སྐྱོད་ལ་རྐང་འཛུགས་པ་དང་འཛམ་གླིང་ཡོངས་ཀྱི་སྐོར་ཐེངས་གསར་བའི་དར་རྒྱས་གོང་འཕེལ་ལ་སྣེ་ཁྲིད་བྱེད་དགོས། གཅིག རྒྱུན་འཁྱོངས་ལྷོད་མེད་སྒོས་གསར་སྐྲུན་བྱས་ཏེ་སྟོབས་ལྡན་འཕེལ་རྒྱས་སྒུལ་ཤུགས་ཇེ་ཆེར་གཏོང་དགོས། གཉིས། བློ་བརྟན་འགྱུར་མེད་སྒོས་སྒོ་འབྱེད་རྒྱ་བསྐྱེད་དེ་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་གསར་སྐྲུན་བྱེད་དགོས། གསུམ། ཧུར་ཐག་སྒོས་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལག་བསྟར་བྱས་ཏེ་མང་ཚོགས་ལ་སྔར་ལས་མང་པོའི་ཐོབ་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས། བཞི། གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་སྟེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་ཟེར།

ཉིན་དེའི་ཕྱི་དྲོར་མུ་མཐུད་དུ་གྲོས་ཚོགས་བསྡུས། གྲོས་ཚོགས་ལ་ཞུགས་པའི་དཔལ་འབྱོར་དངོས་ཕུང་སོ་སོའི་འགོ་ཁྲིད་པས་ས་ཁུལ་གྱི་ཉོ་ཚོང་དང་དངུལ་གཏོང་། མཉམ་སྦྲེལ་མཉམ་མཐུད་ཀྱི་སྒུལ་ཤུགས་གསར་བ་ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་གྲོས་བསྡུར་བྱས། ཞི་ཅིན་ཕིང་གིས་བསྟན་དོན། འདས་པའི་དུས་སྐབས་ཤིག་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པའི་སྒོ་ནས་འཕར་བ་སྲུང་འཛིན་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱེད་པར་བརྟན་འཇགས་སྒུལ་ཤུགས་འདོན་སྤྲོད་བྱས། ཕྱོགས་གཉིས་ནི་ཧ་ཅང་གལ་ཆེ་སྟེ། གཅིག་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དུས་དང་རྣམ་པ་ཀུན་ཏུ་སྒོ་འབྱེད་ཀྱི་འཕེལ་རྒྱས་ཁོར་ཡུག་ཆེན་པོ་སྲུང་སྐྱོབ་བྱས་ཏེ། ཉོ་ཚོང་དང་དངུལ་གཏོང་བྱ་འགུལ་ལ་ཕན་ཡོད་ཆ་རྐྱེན་གསར་སྐྲུན་བྱེད་པ་དང་། གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་མཉམ་སྦྲེལ་མཉམ་མཐུད་ཀྱི་མཉམ་ལས་ཐད་ལ་ཁྱབ་ཁོངས་གསར་བ་གསར་སྐྲུན་བྱས་ཏེ། འཕར་སྣོན་གྱི་སྦས་ཤུགས་ཆེན་པོ་སྔོག་འདོན་བྱས་པ་དེ་ཡིན། ང་ཚོས་མཉམ་ལས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རང་མོས་སྒོ་འབྱེད་ཀྱི་ཉོ་ཚོང་དང་དངུལ་གཏོང་སྲུང་སྐྱོབ་བྱེད་དགོས་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རང་མོས་ཉོང་ས་ཁུལ་མཉམ་དུ་འཛུགས་སྐྲུན་བྱེད་པ་དང་མཉམ་སྦྲེལ་མཉམ་མཐུད་ཀྱི་ཇུས་གཞི་ཆེན་པོ་དངོས་འབེབས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་ཐད་ལ་དྲང་ཕྱོགས་ཀྱི་ནུས་ཚད་ཆེན་པོ་རྒྱས་སུ་འཇུག་དགོས་ཟེར།

        ཚོགས་ཐོག་ནས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་བསྒྲགས་གཏམ་བཀོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།