ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

963232ce8fe5680b677597c2feb8d39d.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ཞན་ཀང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ལ་མཇལ་འཕྲད་གནང་། 

 75204824bd74084d7579587589f198af.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་ནན་ཞན་ཀང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་ཡོ་ནན་ཞན་ཀང་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཙུང་ཐུང་ཏུའུ་ཐི་ཨེ་ཐི་ཡིས་ན་ནིང་གི་ཟླ་བཅུ་བར་ཀྲུང་གོར་འཚམས་འདྲི་བྱས་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཀྱི་མགོ་གསར་བ་ཚུགས། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་མཉམ་ལས་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྐྲུན་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཐད་ལའང་བྱས་རྗེས་གལ་ཆེན་བཞག ཁྱིམ་མཚེས་མཛའ་མཐུན་ཡོང་བར་བྱེད་པ་ནི་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཡང་དག་པའི་ཁ་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། གྲུབ་འབྲས་སྔར་ལས་མང་པོ་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ལ། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་རྒྱ་མཚོ་ལྷོ་མའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས། དར་རྒྱས་གོང་འཕེལ་བཅས་ལ་མུ་མཐུད་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ཡིན་ཟེར།

ཏུའུ་ཐི་ཨེ་ཐི་ཡིས་བཤད་རྒྱུར། ཧྥི་ལི་ཕིན་གྱིས་ཀྲུང་གོ་གྲོགས་པོ་བཟང་བོར་རྩིས་ཡོད་ལ། ཀྲུང་གོས་ཧྥི་ལི་ཕིན་གྱི་དཔལ་འབྱོར་འཛུགས་སྐྲུན་དང་འཇིགས་སྐུལ་ལ་ངོ་རྒོལ། བརྟན་འཇགས་སྲུང་སྐྱོབ་བཅས་ཐད་ལ་རོགས་སྐྱོར་བྱེད་པར་བཀའ་དྲིན་ཞུས་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ། ཕྱོགས་གཉིས་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་གཞིར་བཟུང་སྟེ། ཕྱོགས་གཉིས་ཀྱི་ཐབས་ལམ་སྤྱད་དེ། རྒྱ་མཚོའི་སྟེང་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་འདོད་ཡོད་ཟེར།

ཏིན་ཞའོ་ཞང་དང་ལིག་ཧི། དབྱང་ཅེ་ཁྲི་བཅས་མཇལ་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།