ལིས་ཁི་ཆང་མཱ་ནི་ལར་ཐོན་ནས་ཨེ་ཤ་ཡ་ཤར་ལྷོ་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་མ་ཟད་ཧྥི་ལི་ཕིན་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།

cfd1b78a864d389eabc6e859ecad5fac.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དེ་རུ་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ། སྐབས་བཅུ་གཉིས་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བཅས་ལ་ཞུགས་རྒྱུ་མ་ཟད། གྲོས་ཚོགས་ཀྱི་རྗེས་སུ་ཧྥི་ལི་ཕིན་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ11པའི་ཚེས12ཉིན་གྱི་ཕྱི་དྲོར། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དེ་རུ་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ། སྐབས་བཅུ་གཉིས་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བཅས་ལ་ཞུགས་རྒྱུ་མ་ཟད། གྲོས་ཚོགས་ཀྱི་རྗེས་སུ་ཧྥི་ལི་ཕིན་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།

ཧྥི་ལི་ཕིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁ་ཡེ་ཐ་ནོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་ཧྥི་ལི་ཕིན་ལ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཅན་ཧྭ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཞུའུ་པུའུ་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་བ་ཞུས།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བཙུགས་ནས་ལོ་འཁོར་ལྔ་བཅུ་འགོར་བ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ འཇར་པན། ཧན་གོ་བཅས་བར་གྱི་མཉམ་ལས་མགོ་ཚུགས་ཏེ་ལོ་འཁོར་ཉི་ཤུ་འགོར་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་འཕེལ་རྒྱས་ཀྱི་མགོ་ཚུགས་ས་གསར་བ་ནས་མ་འོངས་པ་ཇུས་འགོད་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣ་ཏེ། སྔར་ལས་བཟང་བའི་མཐའ་འཁོར་ཁེ་ཕན་གྱི་ཐུན་མོང་ཚོགས་པ་དང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དེ་རྒྱལ་ཁབ་གཉིས་དང་ས་ཁུལ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་རེ་སྒུག་དང་མཐུན་པས། ངས་ཧྥི་ལི་ཕིན་ཕྱོགས་ཀྱི་འགོ་ཁྲིད་པ་དང་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བསམ་འཆར་བརྗེ་རེས་བྱས་ནས། ཕྱོགས་གཉིས་ཀྱི་འཕེལ་རྒྱས་དགོས་མཁོ་ལྡན་པའི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་ཡུན་རིང་མཛའ་མཐུན་ཡོང་བར་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།