ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

564aaf7f3732c210a354281f39b49cbe.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་ནས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་། 
 f1a7705d9fd09d9c74cbd1520f8dacae.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནེ་ནས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་ཧོ་ནེ་ནས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་རོན་ཧྲི་ཅིན་དབྱིན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། འདི་ནི་ལོ་གཉིས་འགོར་བའི་རྗེས་སུ་ངས་ཡང་བསྐྱར་ཡོ་ནན་ལ་འཚམས་འདྲི་བྱས་པ་ཡིན། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཞིང་མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཡོ་ནན་ཕྱོགས་དང་ཡུན་རིང་བརྟན་འཇགས་དང་མ་འོངས་པར་ཁ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན། ཕྱོགས་ཡོངས་ནས་མཉམ་ལས་བྱེད་པ་བཅས་ཀྱི་བྱེད་ཕྱོགས་དང་། ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། བློ་མཐུན་བཟང་བོ་བཅས་ཀྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོསག་པོའི་འབྲེལ་བ་ཡུན་རིང་དང་བདེ་བླག་བརྟན་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད། གནས་བབ་གསར་བའི་འོག ཀྲུང་གོ་དང་ཡོ་ནན་གཉིས་ཀྱིས་སྲོལ་རྒྱུན་དར་སྤེལ་དང་མ་འོངས་གསར་གཏོད་བྱས་ནས། མཐོ་རིམ་བར་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་པར་མ་ཟད། ཕན་ཚུན་བར་ཏང་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཡོ་ནན་རྒྱལ་ཚོགས་བར་གྱི་མཛའ་མཐུན་འགྲོ་འོང་ལ་ཆེས་མཐོའི་གདེང་འཇོག་མཛད། ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཕན་ཚུན་རྒྱུས་ལོན་བྱེད་པ་དང་མཛའ་བཤེས་ཇེ་དམ་དུ་གཏོང་བའི་ཟམ་པ་ལྟ་བུ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་རྒྱལ་སྐྱོང་སྲིད་འཛིན་དང་ཁྲིམས་འཛུགས་ལྟ་སྐུལ་ཐད་ཀྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་བར་རྒྱུས་ལོན་བྱེད་པའི་བྱ་བ་མང་པོ་བསྒྲུབ་སྟེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་འབྲེལ་བའི་དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཞི་ཅིན་ཕིན་གིས་རོན་ཧྲི་ཅིན་དབྱིན་ལ་ཀྲུང་གོས་རྒྱལ་སྐྱོང་སྲིད་འཛིན་བྱ་བ་ཁྱོན་ཡོངས་ནས་སྤེལ་བའི་འབྲེལ་ཡོད་ཉམས་མྱོང་མཚམས་སྦྱོར་མཛད།

རོན་ཧྲི་ཅིན་དབྱིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་ཡོ་ནན་ལ་རྒྱལ་དོན་འཚམས་འདྲི་བྱེད་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ་བ་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མཐོ་རིམ་བར་གྱི་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། མི་དམངས་བར་གྱི་མཛའ་མཐུན་ཇེ་དམ་དུ་གཏོང་འདོད་ཡོད། ཡོ་ནན་རྒྱལ་ཚོགས་ཀྱིས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བའི་བརྒྱུད་རིམ་ཁྲོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་། མཉམ་དུ་འབད་བརྩོན་བྱས་ནས། ཡོ་ནན་དང་ཀྲུང་གོ་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།