ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ལའོ་ཝུའོ་རྒྱལ་ཁབ་ཀྱི་སྨན་བྱད་སྟེང་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་ཚགས་པར་དང་ཝན་ཞང་དུས་སྐབས་ཚགས་པར་སྟེང་ཁ་ཡིག་ལ་ཀྲུང་གོ་དང་ལའོ་ཝུའོ་བར་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་གཅིག་པའི་ཚོགས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་མིང་བཀོད་རྩོམ་ཡིག་ཅིག་སྤེལ།

རྩོམ་ཡིག་ནང་དུ་ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ལའོ་ཝུའོ་ནི་ཕུགས་འདུན་དང་འདུ་ཤེས་གཅིག་པ་དང་སྤྱི་ཚོགས་ལམ་ལུགས་འདྲ་མཚུངས་ཡིན་ལ། འཕེལ་རྒྱས་བགྲོད་ལམ་གཅིག་འདྲ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་མཐུན་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ལྷག་གི་རིང་ལ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དུས་རབས་ཀྱི་འགྱུར་ལྡོག་དང་རྒྱལ་སྤྱིའི་འགྱུར་ལྡོག་གང་རུང་ལ་ཉམས་སད་ཐེག་པར་བྱས། ཀྲུང་གོ་དང་ལའོ་ཝུའོ་ཡི་འབྲེལ་བ་ནི་ཀྲུང་གོ་དང་མཐའ་འཁོར་རྒྱལ་ཁབ་མཛའ་མཐུན་ཡོང་བ་དང་ཁྱོན་ཡོངས་ནས་མཉམ་ལས་བྱས་པའི་དཔེ་སྟོན་ཡིན་ཞེས་བརྗོད་ཆོག ཐེངས་འདིའི་འཚམས་འདྲིའི་སྐབས་སུ་བདག་གིས་ལའོ་ཝུའོ་ཡི་གྲོགས་པོ་གསར་རྙིང་རྣམས་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་གླེང་བ་དང་འཕེལ་རྒྱས་ལ་ཇུས་འགོད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་རང་གི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བརྒྱུད་རིམ་ཁྲོད་དུ་ཀྲུང་དང་ལའོ་ཝུའོ་རྒྱལ་ཁབ་གཉིས་ཀྱི་འདོད་བློ་གཅིག་མཐུན་ཡིན། ཟླ་སྔོན་མའི་ནང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་ཚོགས་པ་དང་། ང་ཚོར་ཀྲུང་གོ་མི་དམངས་ལ་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་པར་ནུས་པ་དང་ཡིད་ཆེས་ཡོད། ང་ཚོས་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་དགོས་པ་དང་། འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་སྤེལ་ནས་ཕན་ཚུན་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་ལས་དབང་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་དགོས། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་ཕྱོགས་གཉིས་ཀར་ཕན་པའི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་དགོས་པ་དང་། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ལས་དབང་གཅིག་པའི་ཚོགས་པ་གསར་སྐྲུན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།