ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་འཚམ་འདྲིར་སོང་ནས་ཕྱིར་པེ་ཅིང་དུ་ལོག་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧྥེ་ལི་པིན་མ་ཉི་ལ་ནས་བསྡུས་པའི་ཐེངས20བའི་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ(10+1)ཀྱི་འགོ་ཁྲིད་ཚོགས་འདུ་དང་། ཐེངས20བའི་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་དང་ཀྲུང་གོ། འཇར་པན། ཧན་རྒྱལ་ཁབ(10+3)བཅས་ཀྱི་འགོ་ཁྲིད་ཚོགས་འདུ་དང་། སྐབས12པའི་ཡ་གླིང་ཤར་མའི་མཐོ་རིམ་ཚོགས་འདུ་བཅས་ལ་ཞུགས་ཤིང་།  ཧྥེ་ལི་པིན་ལ་དངོས་གཞི་འཚམ་འདྲི་བྱེད་པ་རྒྱལ་ཁའི་ངང་མཇུག་སྒྲིལ་ནས་ཚེས16ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུ་བསྡད་དེ་ཕྱིར་པེ་ཅིང་ལ་ལོག

མ་ཉི་ལ་དང་ཁ་བྲལ་སྐབས་ཧྥེ་ལི་པིན་སྲིད་གཞུང་གིས་གནམ་གྲུ་ཐང་ནས་སྐྱེལ་མའི་མཛད་སྒོ་རྒྱ་ཆེན་པོ་བསྡུས། ཧྥེ་ལི་པིན་གྱི་དམག་ཁག་གསུམ་གྱི་རུ་དཔུང་གྲལ་སྒྲིག་ཅིང་དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཧྥེ་ལི་པིན་རྒྱལ་ཁྱབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཧྥེ་ལི་པིན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁཱ་ཡེ་ཐཱ་ནུའོ་ཡི་འགྲོ་རོགས་འོག་ལིས་ཁི་ཆང་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། སྐྱེལ་མ་བྱེད་དུ་འོངས་བའི་ཧྥེ་ལི་པིན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་ལ་ཞལ་གྱེས་གནང་།  ཧྥེ་ལི་པིན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་ཅན་ཧྥ་སོགས་གནམ་གྲུ་ཐང་དུ་འོངས་ནས་སྐྱེལ་མ་བྱས།

ཐེངས་འདིའི་ཡ་གླིང་ཤར་ཕྱོགས་མཉམ་ལས་རྒྱལ་ཁབ་འགོ་ཁྲིད་ཀྱི་ཚོགས་འདུ་འཚོགས་སྐབས་ལིས་ཁི་ཆང་གིས་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་ཀྱི“ལྷོ་རྒྱ་མཚོའི་བྱ་སྤྱོད་རྩ་དོན”(COC)ལག་བསྟར་བྱེད་འགོ་ཚུགས་པར་ཡིག་ངོས་ཀྱི་གྲོས་མོལ་བྱས་པས་ཤར་ཕྱོགས་མནའ་འབྲེལ་རྒྱལ་ཁབ་དག་གི་དགའ་བསུ་ཐོབ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།