ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a14bcb5e4196cfe95c4eaeeb7dd99ee8.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇལ་འཕྲད་གནང་། 

1e58e37af8aa1719418e37735d4b12bd.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཡོང་བའི་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇར་འཕྲད་གནང་། 

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ན་མ་བར་འབྲེལ་བ་བཙུགས་པ་དེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་མི་དམངས་ཀྱི་རེ་འདུན་དང་མཐུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་གསར་བའང་སྐྲུན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲོས་མོལ་བྱས་ཏེ། ཀྲུང་གོ་དང་ཕ་ན་མ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་དམིགས་འབེན་ཁྱོན་ཡོངས་ནས་ཇུས་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པར་གཟེངས་བསྟོད་བྱས་པར་མ་ཟད། ཕ་ན་མ་ཕྱོགས་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཕ་ན་མའི་འཕེལ་རྒྱས་འཐབ་ཇུས་གཉིས་འབྲེལ་འདྲིས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་ཀྲུང་གོས་རང་ཉིད་འཛམ་གླིང་གི་དངོས་པོ་ཉོ་ཚོང་རྒྱལ་ཁབ་ཆེན་པོ་ཡིན་པའི་ཁྱད་སྟོབས་དེ་དང་ཕ་ན་མ་འཛམ་གླིང་འབྲེལ་འདྲིས་ཀྱི་ཟམ་པ་ལྟ་བུའི་ས་བབ་ཁྱད་སྟོབས་དང་ཟུང་འབྲེལ་བྱས་ནས། དངོས་སྐྱེལ་དྲ་རྒྱ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ། ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

པཱ་ལོས་ལ་ཡིས་བཤད་རྒྱུར། ཕ་ན་མ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་དང་འཛམ་གླིང་སྟེང་ཐེབས་པའི་ཤུགས་རྐྱེན་གལ་ཆེན་ལ་གཟེངས་བསྟོད་བྱས་པ་ཡིན། ཕ་ན་མ་དང་ཀྲུང་གོ་བར་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གཉིས་ཕན་མཉམ་ལས་ལ་གོ་སྐབས་གལ་ཆེན་འདོན་སྲིད་པར་ཡིད་ཆེས་བྱེད་ཀྱིན་ཡོད། ཕ་ན་མ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཕ་ན་མ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།