ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་བོད་ལྗོངས་སྨིན་གླིང་གི་ཚད་རིམ6.9ཡི་ས་འགུལ་ལ་དམིགས་ཏེ་རྒྱལ་ཁབ་ཀྱི་རིམ་པ་བཞིའི་རྒུད་སྐྱོབ་འཕྲལ་བསྟུན་བྱེད་ཐབས་སྤྱད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྨིན་གླིང་རྫོང་དུ་ཚེས18ཉིན་གྱི་ཞོགས་པར་ཚད་རིམ6.9ཡི་ས་འགུལ་བརྒྱུགས་པར་དམིགས་ནས། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་གཉིས་ཀྱིས་ཚེས18ཉིན་གྱི་སྔ་དྲོའི་དུས་ཚོད10དང་སྐར་མ30ཡི་སྟེང་བྲེལ་མྱུར་སྒོས་རྒྱལ་ཁབ་ཀྱི་རིམ་པ་བཞིའི་རྒུད་སྐྱོབ་འཕྲལ་བསྟུན་བྱེད་ཐབས་སྤྱད་པར་མ་ཟད། བྱ་བའི་ཚན་ཆུང་གནོད་ཐེབས་ས་ཁུལ་དུ་མངགས་ཏེ་གནོད་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་སྨིན་གླིང་རྫོང་དུ་ཚེས18ཉིན་གྱི་ཞོགས་པའི་དུས་ཚོད6དང་སྐར་མ34ཡི་སྟེང་ཚད་རིམ6.9ཡི་ས་འགུལ་བརྒྱུགས། ཤེས་པ་ལྟར་ན། ས་འགུལ་བྱུང་རྗེས་བོད་རང་སྐྱོང་ལྗོངས་ཀྱིས་མྱུར་དུ་རིམ་པ་གསུམ་གྱི་རྒུལ་སྐྱོབ་འཕྲལ་སྒྲུབ་བྱེད་ཐབས་སྤྱད་པ་དང་། བྱ་བའི་ཚན་ཆུང་གནོད་ཐེབས་ས་ཁུལ་དུ་མངགས་ནས་གནོད་འགོག་རྒུད་སྐྱོབ་བྱ་བ་བསྒྲུབས། མིག་སྔར་གནོད་ཐེབས་གནས་ཚུལ་ལ་དཔྱད་ཞིབ་བྱེད་བཞིན་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།