ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཡ་གླིང་དབུས་མ་དང་ཨའོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཞལ་འཛོམས་ཐེངས་དྲུག་པར་ཞུགས་རྒྱུ་དང་ཞུང་ཡ་ལི་རྒྱལ་ཁབ་ལ་དངོས་གཞི་འཚམ་འདྲི་ཕེབས་རྒྱུ་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་ཙུང་ལི་ཚོགས་འདུ་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་ར

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས20ཉིན་ཁྱབ་བསྒྲགས་བྱས་དོན། ཞུང་ཡ་ལི་རྒྱལ་ཁབ་ཀྱི་ཙུང་ལི་ཨོའུ་ཨེར་པན་དང་ཨུ་རུ་སི་རྒྱལ་ཁབ་ཀྱི་ཙུང་ལི་མེ་ཏུ་ཝའེ་ཅེ་ཧྥུ་ཡིས་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ11པའི་ཚེས26ཉིན་ནས་ཟླ12པའི་ཚེས2པར་ཞུང་ཡ་ལི་པུའུ་ཏཱ་ཕེ་སི་ནས་འཚོགས་པའི་ཀྲུང་གོ་དང་ཡ་གླིང་དབུས་མ་དང་ཨའོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱི་ཞལ་འཛོམས་ཐེངས་དྲུག་པར་ཞུགས་རྒྱུ་དང་ཞུང་ཡ་ལི་རྒྱལ་ཁབ་ལ་དངོས་གཞི་འཚམ་འདྲི་ཕེབས་རྒྱུ་མ་ཟད། ཨུ་རུ་སིའི་སུའོ་ཆི་རུ་བསྡུ་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མི་རྒྱལ་ཁབ་ཀྱི་སྲིད་གཞུང་འགོ་གཙོ(ཙུང་ལི)ལས་འཛིན་ཚོགས་པའི་ཚོགས་འདུ་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད།(མཁའ་འགྲོ་ཚེ་བརྟན་གྱིས་སྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།