ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་རྒྱུ་མ་ཟད་ཧང་ག་རི་ལ་འཚམས་འདྲི་བྱེད་རྒྱུ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་ཐུག་འཕྲད་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་བར་ཧང་ག་རིའི་པུའུ་ཏ་ཕེས་སི་ནས་བསྡུ་རྒྱུ་ཡིན་པའི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་རྒྱུ་མ་ཟད་ཧང་ག་རི་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་དང་། ཨུ་རུ་སིའི་སོ་ཆི་ནས་བསྡུ་རྒྱུ་ཡིན་པའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ཙུང་ལི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།