ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ནས་བུའུ་ལན་མུའུ་ཆི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་མི་སྣས་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་ནས་དུས་གཏན་དུ་རྩྭ་ཐང་གི་རིག་རྩལ་འཁྲབ་སྟོན་མཁན་ཞིག་ཏུ་སྒྱུར་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་ནང་སོག་རང་སྐྱོང་ལྗོངས་སུའུ་ཉི་ཐི་ཡི་ཆིའི་བུའུ་ལན་མུའུ་ཆི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་མི་སྣར་འཕྲིན་ལན་བསྐུར་ནས། ཁོ་ཚོས་མུ་མཐུད་དུ་གཞི་རིམ་དུ་རྐང་འཛུགས་པ་དང་མང་ཚོགས་ལ་ཞབས་ཕྱི་བསྒྲུབ་སྟེ། གཞི་རིམ་མང་ཚོགས་དང་འབྲེལ་འདྲིས་བྱེད་ཐུབ་པ་དང་། དར་ཁྱབ་ཆེ་ཞིང་ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཕུལ་བྱུང་བརྩམས་ཆས་སྔར་ལས་མང་པོ་གསར་རྩོམ་བྱེད་དགོས་པའི་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ཁྱེད་ཚོས་བསྐུར་བའི་འཕྲིན་ཡིག་ནང་ངས་བུའུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་འཚར་ལོངས་དང་ཡར་ཐོན་བྱུང་བ་མཐོང་བ་དང་། ཁྱེད་ཚོ་རང་གི་ལས་དོན་ལ་དགའ་བ་དང་། ཏང་དང་མི་དམངས་ལ་བརྩེ་དུང་ཟབ་མོ་བཅངས་པ་ཤེས་བྱུང་།  བུའུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་འཚར་ལོངས་བྱུང་བ་ལས་མི་དམངས་སྒྱུ་རྩལ་ལ་མཁོ་བ་དང་སྒྱུ་རྩལ་མི་དམངས་ལ་མཁོ་བ་ངོམ་པར་བྱས་ཡོད་པ་བསྟན་པར་མ་ཟད། ཁོང་གིས་དུས་རབས་གསར་བར་ཁྱེད་ཚོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག སྟོབས་ཤུགས་ཡོད་རྒུ་བཏོན་ནས་བུའུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་གི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། འཚོ་བར་རྐང་འཛུགས་པ། འབྲོག་པ་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པ་བཅས་བྱས་ནས། རིག་རྩལ་གསར་རྩོམ་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། གཞི་རིམ་མང་ཚོགས་ལ་འབྲེལ་འདྲིས་བྱེད་ཐུབ་པ་དང་། དར་ཁྱབ་ཆེ་ཞིང་ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་གསར་རྩོམ་བྱེད་པར་འབད་བརྩོན་བྱས་ནས། དུས་གཏན་དུ་རྩྭ་ཐང་གི་རིག་རྩལ་འཁྲབ་སྟོན་བྱེད་མཁན་ཞིག་ཏུ་སྒྱུར་དགོས་པའི་རེ་བ་བཏོན།

ཉེ་ལམ། སུའུ་ཉི་ཐི་ཡི་ཆིའི་བུའུ་ལན་མུའུ་ཆི་འཁྲབ་སྟོན་རུ་ཁག་གི་མི་སྣ་བཅུ་དྲུག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ལོ་ངོ་དྲུག་བཅུའི་རིང་གི་འཁྲབ་སྟོན་རུ་ཁག་གི་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ལས་དོན་དར་རྒྱས་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་མཚོན་པར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།