ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་མཉམ་དུ་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强会见日本经济界代表访华团 1.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པར་དཔལ་འབྱོར་ལས་རིགས་ཀྱི་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད།   

李克强会见日本经济界代表访华团 2.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པར་དཔལ་འབྱོར་ལས་རིགས་ཀྱི་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཚམས་འདྲིའི་ཚོགས་པར་མཇལ་འཕྲད་གནང་པར་མ་ཟད་ཁོ་ཚོ་དང་མཉམ་དུ་བཞུགས་མོལ་མཛད། འཇར་པན་གྱི་ཁེ་ལས་གཙོ་བོའི་འགན་ཁུར་བ་ཉིས་བརྒྱ་དང་ལྔ་བཅུ་བཞུགས་མོལ་ལ་ཞུགས། 

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་བ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་འཁོར་ཞེ་ལྔ་ལོན་པའི་ལོ་ཡིན་ལ། སང་ལོ་ཀྲུང་གོ་དང་འཇར་པན་བར་ཞི་བདེའི་མཛའ་མཐུན་ཆིངས་ཡིག་བཀོད་དེ་ལོ་འཁོར་བཞི་བཅུ་ལོན་པ་འགོར་བས། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་གནད་འགག་ཕན་ཚུན་བར་ཡིད་ཆེས་བྱེད་པར་རག་ལས་ཡོད་ལ། རྨང་གཞི་དམངས་ཁྲོད་ལ་རག་ལས་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་གནས་བབ་བཟང་བོ་གཅེས་སྤྲས་དང་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བ་དང་། འགལ་བ་དང་བར་ཆད་ཡང་བསྐྱར་འབྱུང་པར་གཡོལ་ཐབས་བྱས་ནས། བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཀྲུང་གོའི་དཔལ་འབྱོར་རྒྱུན་ཆད་མེད་པར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ང་ཚོས་སྔར་ལས་ཕྱི་ཕྱོགས་སུ་སྒོ་འབྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ལྟ་ཚུལ་གཅིག་འདྲ་ཡིན་པ་དང་འདྲ་མཉམ་སྒོས་འགྲན་རྩོད་བྱེད་པའི་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱེད་སྲིད། ཀྲུང་གོ་དང་འཇར་པན་ཕྱོགས་གཉིས་ཀྱིས་ཕ་རོལ་ཕྱོགས་ཀྱི་འཕེལ་རྒྱས་གོ་སྐབས་དམ་པོར་བཟུང་ནས། གསར་གཏོད་མཉམ་ལས་དང་ལུགས་མཐུན་འགྲན་རྩོད་བརྒྱུད་དེ་རང་ཉིད་འཕེལ་རྒྱས་སུ་གཏོང་བ་དང་། ཨེ་ཤ་ཡ་ཤར་ལྷོ་ས་ཁུལ་གྱི་དཔལ་འབྱོར་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྐྱེད་དགོས་ལ། གཉིས་ཕན་མཉམ་རྒྱལ་སྔར་ལས་མངོན་འགྱུར་བྱེད་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་བརྟན་འཇགས་དང་དར་རྒྱས་ཐད་ལ་བྱས་རྗེས་འཇོག་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

འཇར་པན་དཔལ་འབྱོར་ལས་རིགས་ཚོགས་པ་གསུམ་གྱི་འགན་ཁུར་བས་བཤད་རྒྱུར། འཇར་པན་དཔལ་འབྱོར་ལས་རིགས་ཀྱིས་འཇར་པན་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་སོང་བར་དགའ་བསུ་ཞུ་བཞིན་ཡོད་ལ། ད་ལོ་དང་སང་ལོའི་གོ་སྐབས་གཙོ་བོ་དམ་པོར་བཟུང་ནས། གཉིས་ཕན་མཉམ་ལས་དང་དམངས་ཁྲོད་བརྗེ་རེས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་བཅོས་དང་འཕེལ་རྒྱས་སུ་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད། འཇར་པན་དང་ཀྲུང་གོ་བར་གྱི་དཔལ་འབྱོར་མཉམ་ལས་དེས་རྒྱལ་ཁབ་གཉིས་དང་། ཨེ་ཤ་ཡ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་བྱས་རྗེས་འཇོག་པར་རེ་བ་བྱེད་ཀྱིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།