ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་རྒྱལ་ཡོངས་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་མཐུན་སྦྱོར་གྲོས་ཚོགས་ཧི་ཧྥེས་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི2017ལོའི་རྒྱལ་ཡོངས་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་མཐུན་སྦྱོར་གྲོས་ཚོགས་ཚེས་ཉི་ཤུ་ཉིན་ཧི་ཧྥེས་ནས་བསྡུས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བར་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བས་ཀྲུང་གོའི་དུས་རབས་གསར་བའི་རྣམ་པ་བཟང་བོ་དྲིལ་སྒྲོག་དང་། ཀྲུང་གོའི་བགྲོད་ལམ་གསར་བའི་གཏམ་རྒྱུད་དྲིལ་སྒྲོག་བཟང་བོ་བྱས་ནས། དུས་དང་རྣམ་པ་ཀུན་དུ་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་སྟེ། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་དང་མཉམ་ལས་མཉམ་རྒྱལ་བྱེད་པ། ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ཉམས་མྱོང་བརྗེ་རེས་དང་དཔྱད་གཞིར་འཛིན་པར་ཤུགས་བསྣན་ཏེ། གོ་སྐབས་དམ་འཛིན་དང་གསར་གཏོད་བརྩོན་ལེན་བྱེད་པ། བྱ་བ་བཟང་བོར་སྒྲུབ་པ་བཅས་བྱས་ནས། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བ་ནས་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་དགོས་ཟེར།

གྲོས་ཚོགས་སྟེང2017ལོའི་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བའི་ཕུལ་བྱུང་བརྩམས་ཆོས་བཅུར་གཟེངས་བསྟོད་བྱས་པར་མ་ཟད་བྱ་དགའ་གནང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།