ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉེ་ལམ་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་ནས་བཀྲམ།

བསམ་འཆར་ལས་བཀོད་དོན། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ། ནན་ཅང་གི་ས་ཁུལ་བཞི། ཟི་ཁྲོན་ལིང་ཧྲན་ཁུལ། ཡུན་ནན་ནུའུ་ཅང་ཁུལ། ཀན་སུའུ་ཡི་ལིན་ཞི་ཁུལ་བཅས་དང་། དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་བཅོ་བརྒྱད་ཡན་ལས་བརྒལ་བའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་ཀྱི་ཚད་བརྒྱ་ཆའི་ཉི་ཤུ་ཡན་ལས་བརྒལ་བའི་དབུལ་ཕོངས་སྡེ་བ་བཅས་ལ་དམིགས་ནས། ཀྲུང་དབྱང་ནོར་སྲིད་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དངུལ་ལོར་གྱི་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་གཞི་བཀོད་སྒྲིག་གི་ཤུགས་ཚད་ཇེ་ཆེར་གཏོང་བ། ཡུལ་གཞན་དབུལ་སྐྱོར་ལས་གཞི་ལག་བསྟར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། སྐྱེ་ཁམས་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། སྤྱི་ཚོགས་ཀྱི་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་བྱས་ནས། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་མཁོ་བའི་རྒྱབ་རྟེན་འགན་སྲུང་མ་ལག་འཛུགས་སྐྲུན་བྱས་ནས། ཧ་ཅང་དབུལ་ཕོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།