ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་མི་སྣའི་པེ་ཅིན་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་མཚོ་འགག་འགྲམ་གཉིས་ཀྱི་སྨྱན་བྱད་མི་སྣའི་པེ་ཅིན་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ལོ་རྒྱུས་གོ་གནས་གཏན་འཁེལ་བྱས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་ལེན་པའི་གནད་འགག་གི་དུས་སྐབས་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་དུས་སྐབས་ཀྱི་དཔེ་རིས་བཀོད་ཡོད། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས། ཕན་ཚུན་མཛའ་བརྩེ་ལག་གདང་དམ་པོར་སྦྲེལ་ནས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བདེ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཀྲུང་གོ་བ་ཡོངས་ལ་དབང་བའི་མ་འོངས་བདེ་སྐྱིད་འཚོ་བ་མཉམ་སྐྲུན་བྱེད་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།