ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ལི་ཏི་ལིས་ཨང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

b005ea72062abde90c30f51084003784.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ལི་ཏི་ལིས་ཨང་ལ་མཇལ་འཕྲད་གནང།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བཞི་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ལི་ཏི་ལི་ཨང་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་དེ་དུས་ཡུན་རིང་བོར་ཀྲུང་གོ་དང་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲས་སུ་ཞུགས་ཡོད་ལ། དེང་སྐབས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། གནམ་གཤིས་འགྱུར་ལྡོག་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། ཕ་རི་སི་གྲོས་ཆོད་ལག་བསྟར་བྱེད་པའི་ཐད་ལ་ནུས་པ་བཟང་བོ་འདོན་སྤེལ་བྱས་ནས། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་དར་སྤེལ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། འཛམ་གླིང་ཡོངས་བདེ་བླག་སྒོས་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། དར་རྒྱས་དང་བརྟན་འཇགས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཞིག་འཛུགས་པར་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བར་ཤུགས་བསྣན་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་དེས་ས་ཁུལ་ཀྱི་རྒྱལ་ཁབ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་པ་དང་། ཡོ་རོབ་གླིང་མནའ་འབྲེལ་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་ཐུབ་པར་རེ་སྒུལ་བྱས་ཡོད་ཟེར།

ལི་ཏི་ལིས་ཨང་གིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། དམངས་སྤྱོད་ཉིང་རྡུལ་ནུས་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།