ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པ་དང་ཧང་ག་རི་ལ་འཚམས་འདྲི་བྱེད་རྒྱུ་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཙུང་ལིའི་ཐུག་འཕྲད་ཐེངས་བཅུ་དྲུག་པར་ཞུགས་པར་ཕེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རི་རྒྱལ་ཁབ་ཀྱི་ཙུང་ལི་ཨིག་ཨར་པན་དང་ཨུ་རུ་སིའི་ཙུང་ལི་མེས་ཏི་བེ་ཅེ་ཧྥུའུ་གཉིས་ཀྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པུའུ་ཏ་ཕེ་སི་ལ་ཕེབས་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་དང་ཧང་ག་རི་ལ་དངོས་གཞིའི་འཚམས་འདྲི་བྱེད་རྒྱུ་མ་ཟད། ཨུ་རུ་སིའི་སོ་ཆི་ནས་བསྡུ་རྒྱུའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།