ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་པེ་ཅིན་ནས་སེ་ཨར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀི་དབྱི་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཀི་དབྱི་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་གསུངས་རྒྱུར། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེར་ཝེ་ཡར་རྒྱལ་དོན་འཚམས་འདྲི་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཚད་དུ་མཐོར་འདེགས་བཏང་ནས། ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་དང་སེར་ཝེ་ཡ་རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་ཐད་ནས་ཕན་ཚུན་བར་མཉམ་ལས་བྱས་ཏེ། མི་གཞུང་བརྗེ་རེས་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་དངོས་སྐྲུན། ཀྲུང་གོ་ཕྱོགས་ཀྱིས་སེར་ཝེ་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་སེར་ཝེ་ཡ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།
ཡུས་ཀྲིན་ཧྲིན་གྱིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཚམས་སྦྱོར་མཛད་པར་མ་ཟད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིམ་པ་མང་ཞིང་བྱེད་ཐབས་མང་པོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།
ཀི་དབྱི་ཁི་ཝེ་ཆི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སེམས་གཏིང་ནས་ཡིད་སྨོན་བྱེད་ཀྱིན་ཡོད། སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གིས་སེར་ཝེ་ཡ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་བྱ་བ་མང་པོ་བསྒྲུབ་འདོད་ཡོད་པའི་ཚུལ་བསྟན།
ཀྲང་ཆིན་ལིས་མཇལ་འཕྲད་ལ་ཞུགས། །