ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པུའུ་ཏ་ཕེ་སི་གྲོང་ཁྱེར་ནས་ལ་ཐོ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཁུའུ་ཆིན་སི་ཅི་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༣.jpg

ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུའུ་ཏ་ཕེ་སི་གྲོང་ཁྱེར་ནས་ལ་ཐོ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཁུའུ་ཆིན་སི་ཅི་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པུའུ་ཏ་ཕེ་སི་གྲོང་ཁྱེར་ནས་ལ་ཐོ་ཝེ་ཡ་རྒྱལ་ཁབ་ཀྱི་ཙུང་ལི་ཁུའུ་ཆིན་སི་ཅི་སི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ལ་ཐོ་ཝེ་ཡ་ནི་ཀྲུང་གོའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཐོ་ཝེ་ཡས་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་དང་ཀྲུང་གོའི་མཉམ་ལས་ཕྱོགས་སུ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་འགོ་བཏོན་པ་དེ་ལ་ཐོ་ཝེ་ཡ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཐོ་ཝེ་ཡ་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ལ་ཐོ་ཝེ་ཡའི་མི་གཞུང་བརྗེ་རེས་ལ་རྨང་གཞི་དང་ཧུར་ཐག་གྲུབ་འབྲས་བཟང་བོ་ལྡན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མི་སྣའི་འགྲོ་འོང་ལ་སྟབས་བདེ་གང་ལེགས་སྐྲུན་པ་དང་། སློབ་གསོ་དང་ཚན་རིག་ཞིབ་འཇུག རྒྱ་ཡིག་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ཐད་ནས་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཁུའུ་ཆིན་སི་ཅི་སི་ཡིས་བཤད་རྒྱུར། ལ་ཐོ་ཝེ་ཡ་ཕྱོགས་ཀྱིས་ས་བབ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་འདོད་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་རྒྱུག་སྐྱེལ་འདྲེན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོའི་དངོས་རྫས་ཕྱིར་གཏོང་བྱེད་པའི་ས་ཁུལ་གཙོ་བོ་འགྱུར་བར་བྱེད་དགོས། ལ་ཐོ་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གསུམ་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་མ་ཟད་སློབ་གསོ་དང་ཚན་རིག་ཞིབ་འཇུག་སོགས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།