ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཅང་མ་འགོར་བའི་སྔོན་ལ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ། ང་ཚོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཕྱོགས་མང་པོ་ནས་ཐུན་མོང་གི་ལྟ་ཚུལ་བྱུང་བ་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་བླག་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དང་རིམ་པ་སོ་སོའི་འབྲེལ་འདྲིས་དང་འགྲོ་འོང་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་མཐོ་རིམ་འགོ་ཁྲིད་པའི་རྐྱེན་སྲོལ་བཞི་ཡི་སྐོར་ཐེངས་གཉིས་པའི་གྲོས་མོལ་བཟང་བོར་བསྒྲུབ་པ་དང་། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་གྲོས་མཐུན་དང་ལས་གཞི་དངོས་འབེབས་གང་ལེགས་བྱེད་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་གཞོགས་འདེགས་དམ་པོ་བྱེད་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདག་གིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་ཡང་བསྐྱར་བཀའ་དྲིན་ཆེ་ཞུ་བ་དང་། ཀྲུང་གོའི་ཡུན་རིང་ཞིང་འོད་སྟོང་འབར་བའི་ལོ་རྒྱུས་རིག་གནས་ཀྱིས་ང་ལ་བབ་ཆགས་ཟབ་མོ་བཞག ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་བྱས་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་བའི་ལྟ་ཚུལ་ལ་བདག་གིས་གཟེངས་བསྟོད་བྱེད་པ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།