ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

78d5fe045cc19a3dacf9e598298ecb53.jpg

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སོ་ཆིའི་ལོས་ཏིས་སིན་གྲོས་ཚོགས་ལྟེ་གནས་ནས་ཨུ་རུ་སིའི་ཙུང་ལི་མཱེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ལ། མཉམ་ལས་གྲུབ་འབྲས་ཀྱིས་ཕྱོགས་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན། ཅུང་མ་འགོར་བའི་སྔོན་བསྡུས་པའི་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་ཐུག་འཕྲད་ཐེངས་ཉེར་གཅིག་པའི་སྟེང་མཉམ་ལས་བྱེད་པའི་ཐུན་མོང་གི་ལྟ་བ་གལ་ཆེན་མང་པོ་བྱུང་ནས་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་ཐད་ནས་འབྲེལ་འདྲིས་བཟང་བོ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཉམ་ལས་ལས་གཞི་སྔར་ལས་མང་པོ་ཇུས་འགོད་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་ཉོ་ཚོང་གནས་བབ་ཇེ་ལེགས་སུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱེད་པ་དང་། ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས། ཕན་ཚུན་བར་ཁྱད་སྟོབས་ཁ་གསབ་བྱས་ནས། ནུས་ཁུངས་དང་དངུལ་གཏོང་། མཁའ་འགྲུལ་མཁའ་སྐྱོད་སོགས་འཐབ་ཇུས་རང་བཞིན་གྱི་ལས་གཞི་ཆེན་པོའི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་སྔོག་འདོན་བྱེད་པ་དང་། ཁེ་ལས་འབྲིང་ཆུང་དང་ས་གནས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། མི་གཞུང་བརྗེ་རེས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

མཱེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་དམ་པོ་བྱས་པ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་རྒྱུན་ཆད་མེད་པར་གྲུབ་འབྲས་བཟང་བོ་བླངས་ཡོད། དེ་ལས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཡོད་པ་མཚོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།