ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཁ་ན་ཏའི་ཙུང་ལི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཞི་ཉིན་གྱི་ཕྱི་དྲོར་ཙུང་ལི་ལིས་ཁི་ཆང་དང་ཁ་ན་ཏའི་ཙུང་ལི་ཐི་ལིའུ་ཏོ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་ཀྲུང་གོ་དང་ཁ་ན་ཏའི་ཙུང་ལིའི་ལོ་ཚོགས་ཐེངས་གཉིས་པའི་གྲོས་མོལ་གྲུབ་འབྲས་མཚམས་སྦྱོར་བྱས། ཁོས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏ་ཕྱོགས་གཉིས་ཀྱིས་འཛམ་གླིང་རང་བཞིན་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་བཏང་ནས་ཉོ་ཚོང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྲུང་སྐྱོབ་བྱས་ཏེ། རང་མོས་ཉོ་ཚོང་གྲོས་མོལ་ལག་བསྟར་བྱེད་ཐབས་ལ་མཉམ་དུ་གྲོས་བསྡུར་གཏིང་ཟབ་བྱེད་པར་ཧུར་བརྩོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་གྲོས་མོལ་གྱི་འཕེལ་རིམ་དང་ནང་དོན་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱིས་གནས་སྐོར་དང་མཁའ་འགྲུལ་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་བར་གྱི་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བར་འཐད་པ་བྱུང་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁ་ན་ཏ་གཉིས་ཀྱི་མཉམ་ལས་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་སྦས་ཤུགས་ཆེན་པོ་ཡོད་པར་མ་ཟད་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀྱིས་བསམ་ཕྱོགས་རྒྱ་བསྐྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་པ། འགུལ་སྐྱོད་གཙོ་བོར་འཛིན་པ། གོ་སྐབས་མཉམ་སྤྱོད་བྱེད་པ། འགྲན་རྩོད་མཉམ་བསུ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཆེས་བཟང་བའི་དུས་སྐབས་སུ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཐི་ལོའུ་ཏོ་ཡིས་ཐེངས་འདིའི་ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་གྲོས་མོལ་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཁ་ན་ཏ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་འཚོལ་ཞིབ་རང་བཞིན་གྱི་གྲོས་བསྡུར་མུ་མཐུད་དུ་སྤེལ་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་གི་དར་རྒྱས་གོང་འཕེལ་ལ་ཤུགས་བསྣན་ཏེ། ཁ་ན་ཏ་དང་ཀྲུང་གོའི་བར་ཡུན་རིང་གཏན་འཇགས་ཀྱི་འབྲེལ་བ་གསོན་ཉམས་ལྡན་པ་ཞིག་བསྐྲུན་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།