ཀྲུང་གོ་བོད་ཀྱི་དྲ་བ།

ཐའེ་ཝན་མནའ་མཐུན་གྱི་མནའ་མཐུན་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཐའེ་ཝན་མནའ་མཐུན་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7876ad9a6e22b81ee7f4457767fb8862.jpg

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་མནའ་མཐུན་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཐའེ་ཝན་མནའ་མཐུན་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཞུ་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་མནའ་མཐུན་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བ་དང་ཐའེ་ཝན་མནའ་མཐུན་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་ཚེས་ལྔ་ཉིན་པེ་ཅིན་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་ཚོགས་འདུར་ཞུགས་པར་མ་ཟད་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཞུ་ཚིག་ཕུལ།

ཞུ་ཚིག་ནང་བཀོད་དོན། ལོ་ལྔའི་རིང་ལ། ཐའེ་ཝན་མནའ་མཐུན་གྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་གནས་བབ་བཟང་བོར་རྐང་བཙུགས་ཏེ། རང་ཉིད་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པ། ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་ལྟར་ཇུས་ཆོད་འགོད་པ་དང་དམངས་གཙོའི་སྒོ་ནས་ཇུས་ཆོད་འགོད་པར་དཔྱད་གཞི་གལ་ཆེན་འདོན་སྤྲོད་བྱས།

ཞུ་ཚིག་ནང་ཐའེ་ཝན་མནའ་མཐུན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ལོ་རྒྱུས་གོ་གནས་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་འབྲེལ་མཐུད་ཟབ་མོ་བྱེད་པ་དང་། སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བྱེད་པ། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱེད་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལ་དམ་པོར་དམིགས་ཏེ། ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། འགན་འཁྲི་ལག་བསྟར་བཟང་བོ་བྱས་ནས། ཐའེ་ཝན་མནའ་མཐུན་བྱ་བའི་རྣམ་པ་གསར་བ་སྔར་ལས་གསར་གཏོད་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་བན་ཨིག་ཞང་གིས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཞུ་ཚིག་ཕུལ།

ཀྲུང་ཧྭ་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་ཧོང་ཀྲི་ཞན་གྱིས་རྒྱལ་ཡོངས་ཐའེ་ཝན་སྤུན་ཟླའི་མཛའ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཞུ་ཚོག་ཕུལ།

ཐའེ་ཝན་མནའ་མཐུན་གྱི་མནའ་མཐུན་ཡོངས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིན་དབྱི་བུན་གྱིས་ཐའེ་ཝན་མནའ་མཐུན་སྐབས་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།