ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་རྒྱ་གར་རྒྱལ་ཁབ་ཚུལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁུའུ་མ་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་པེ་ཅིན་ནས་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་རྒྱ་གར་རྒྱལ་ཁབ་ཚུལ་སྒྱུར་ཨུ་ཡོན་ལྷན་ཁང་གི་གྲོས་མོལ་ལ་ཞུགས་པའི་རྒྱ་གར་རྒྱལ་ཁབ་ཚུལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁུའུ་མ་ཨར་ལ་མཇལ་འཕྲད་གནང་།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏེ་དང་ཐུག་འཕྲད་ཐེངས་མང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་འཆར་འགོད་དང་བཀོད་སྒྲིག་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ནན་ཏན་སྒོས་དངོས་འབེབས་བྱེད་བྱས་ཏེ། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། འགལ་བ་སྣ་ཚོགས་འོས་འཚམ་སྒོས་དོ་དམ་ཚོད་འཛིན་བྱེད་པ་དང་། དུས་ཐོག་ཏུ་དངོས་གཉེར་མཉམ་ལས་ཁྲོད་ཀྱི་གནད་དོན་ལ་གྲོས་མོལ་བྱས་ནས་ཐག་གཅོད་དགོས་པར་མ་ཟད། ཀྲུང་གོ་དང་རྒྱ་གར་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་སྔར་ལས་མདུན་སྐྱོད་བྱེད་དགོས། ཀྲུང་གོ་དང་རྒྱ་གར་གྱི་ལས་ཁུངས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིག་མཛོད་བར་གྱི་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཕན་ནུས་ལྡན་པའི་སྲིད་ཇུས་དང་གྲོས་གཞི་འདོན་སྤྲོད་བྱེད་དགོས་ཟེར།

ཁུའུ་མ་ཨར་གྱིས་བཤད་རྒྱུར། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚུལ་སྒྱུར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་སྒྲིག་ཆས། གསར་བཟོ་ལས་རིགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།