ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གླལོག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས་ཁྱབ་སྒྲོག་བྱས་པར་མ་ཟད། ཁྱབ་སྒྲོག་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

2017ལོའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྩི་གཉེར་བཅའ་ཁྲིམས་སོགས་ཁྲིམས་ལུགས་བཅུ་གཅིག་བཟོ་བཅོས་བྱེད་པའི་སྐོར་གྱི་གཏན་འབེབས་གཞིར་བཟུང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་བདག་གཉེར་ཁེ་ལས་བཅའ་ཁྲིམས་ལག་བསྟར་ཞིབ་ཕྲ་ཞེས་པ་དང་མ་བུ་བདེ་སྲུང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་ཞེས་པའི་སྲིད་འཛིན་ཁྲིམས་སྲོལ་གཉིས་ཀྱི་དོན་ཚན་གསུམ་བཟོ་བཅོས་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་མཉམ་ལས་བདག་གཉེར་ཁེ་ལས་ཀྱི་མངག་བཅོལ་བདག་གཉེར་དོ་དམ་གན་རྒྱ་ཞིབ་བཤེར་ཆོག་མཆན་དང་། ཁྱིམ་ཚང་གི་ཕྲུ་གུ་སྐྱེ་ལེན་མཁན་གྱི་ལག་རྩལ་ཚད་མཐུན་དཔང་ཡིག་སྟེར་བ་སོགས་དོན་དག་གཉིས་ས་གནས་ཀྱི་ལག་བསྟར་ཞིབ་བཤེར་ཆོག་མཆན་དོན་དག་མེད་པར་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།